KetoTibet Keto ཀི་སྤྲོ་འབྲོག་ཟས?
lowcarbtibet.com

Protein - སྤྲི་རྫས

ལུས་འདི་ལ་ཁ་ཟས་གཙོ་བོ་ protein & fat “སྤྲི་རྫས་དང་ཞག་ཚི་”གཉིས་མེད་དུ་མི་རུང་བ་ཡིན། དེའི་ནང་ནས་གཙོ་བོ་དེ་ protein སྤྲི་རྫས་རེད།།

Protein གྱི་ཚིག་འདིའི་འབྱུང་ཁུང་དེ་ཡང་ Greek རེད། འདིའི་དོན་ནི་ “གཙོ་བོ” ཡིན། འདི་ལ་རིགས་དུ་མ་ཡོད།།
Amino acids ཨ་མི་ནོ་ཨེ་སིཌ་ལྟ་བུའི་ protein སྤྲི་རྫས་དང་། fatty acids ཞག་ཚིལ་དེ་ཚོ་ essential ལུས་ལ་ངེས་པར་དུ་དགོས་པའི་ཟས་ཆེན་ཡིན།།

རང་གི་ལུས་ཀྱི་ལྗིད་ཚད་དང་རིང་ཐུང་གཞི་གཟུང་གི་སྤྲི་རྫས་མང་ཉུང་ཞིག་དགོས་ཡོད།།

རང་གི་ལྗིད་ཚད་ཀི་ལོ་གཅིག་ལ། སྤྲིས་རྫས་ protein གྷ་རམ་ ༡་༢ - ༢་༠ བར་དགོས་པ་ཡིན། དཔེར་ན་ལྗིད་ཚད་ཀི་ལོ་ ༦༠ ལ་སྤྲིས་རྫས་མང་ཉུང་དེ་ཀི་ལོ་གཅིག་ལ་ཉུང་ཐ་ལ་གྷ་རམ ༡་༥ དགོས་པའི་རོབ་རྩིས་རྒྱབ་ན་ཁྱོན་བསྡོམས་ ༩༠ ཙམ་དགོས་རེད།།

ཕོ་མོ་གཉིས་ལ་མང་ཉུང་གི་ཁྱད་པར་ཅུང་ཟད་ཅིག་ཡོད་པས་དེའི་རོབ་རྩིས་དེ་གཤམ་གསལ་པར་ལ་གཟིགས་རིགས།།

Protein amount on Keto ཤྤྲིས་རྫས་མང་ཉུང་

ངེས་པར་དུ་དགོས་པའི་ protein སྤྲི་རྫས་དང་ཞག་ཚི་གཉིས་ཀྱི་ཟས་ཀྱི་འབྱུང་ཁུངས་ལ་ཿ དུད་འགྲོ་དང་། སྔོ་ལྡུམ་གཉིས་ཡིན།།

དུད་འགྲོ་ལས་བྱུང་བའི་ protein སྤྲི་རྫས་དེ་ཤ་དང་། མར་དང་ཕྱུར་བ་སོགས་ལ་ཡོད། དུད་འགྲོ་ལས་བྱུང་བའི་བཅུད་ཟས་དེ་དག་མིའི་ལུས་པོ་ལ་འཐིམ་ཆེ་བ་དང་སླ་བ་ཡོད་ཀྱིས་འདུག།

ཤ་དམར་པོ་གྷ་རམ་ ༡༠༠ ལ་སྤྲིས་རྫས་གྷ་རམ་ ༡༧ - ༢༨ བར་ལ་ཡོད། ཤ་དཀར་བྱ་ཤ་ལྟ་བུ་ལ་སྤྲིས་རྫས་གྷ་རམ་ ༢༠ - ༣༢ བར་ལ་ཡོད། ཕྱུར་བ་ལ་སྤྲིས་རྫས་གྷ་རམ་ ༢༠ - ༣༢ བར་ལ་ཡོད།།

ཤ་རིགས་དེ་ལ་ཁར་སྦོ་མངར་རྫས་མེད་པ་དང་། ཕྱུར་བའི་རིགས་ལ་ཉུང་ཉུང་ཡོད། འོན་ཀྱང་འོ་མ་དང་ཞོའི་ནང་ལ་མངར་ཆ་ཀ་ར་དང་ཁར་སྦོ་མངར་རྫས་དེ་འབྲིང་ཙམ་ཡོད་པས་འཛེམ་དགོས།།

སྔོ་ལྡུམ་ལས་བྱུང་བའི་ protein སྤྲི་རྫས་དེ་ཏོ་ཕུ་དང་། དྷལ་གྱི་རིགས་དང་། སྲན་མ་སོགས་ལ་མང་པོ་ཡོད་རེད།།

འོན་ཀྱང་དཔེར་ན་དྷལ་གྱི་ནང་ལ་ཡོད་པའི་སྔོའི་སྤྲིས་རྫས་མང་ཙམ་ཡོད་ཀྱང་དེ་ཟོག་ཤ་ལ་ལྟོས་ན་བརྒྱ་ཆ་ ༢༠ - ༥༠ ལུས་ལ་འཇུ་ཉུང་བ་ཡོད་ཀྱིས་འདུག་པས་དེའི་སྐོར་དགོངས་པ་བཞེས་རོགས།།

སྔོ་ལྡུམ་ལས་བྱུང་བའི་ protein སྤྲི་རྫས་དེའི་མཉམ་དུ་ཁར་སྦོ་མངར་རྫས་དེ་ཡང་མང་པོ་ཡོད་རེད། བྱས་ཙང་སྔོན་མ་སྐམ་པོ་དང་ཐང་པོ་ཡོད་པ། ཡིན་ན་ཡང་དེང་སང་ཤ་རྒྱགས་རུ་འགྲོ་མཁན་དང་། ཨིན་སུ་ལིན་གདོང་ལེན་གྱི་ནད་ཡོད་པ་དང་། མངར་ནད་གཅིན་སྙིའི་སྔོན་འགྲོ་ཡོད་མཁན་དང་། མངར་ནད་གཅིན་སྙི་དངོས་དེ་ཡོད་མཁན་ཚོ་ཡིན་ན་ཁར་སྦོ་མངར་རྫས་དེ་ཉིན་རེར་གྷ་རམ་ ༣༠ དང་ ༢༠ འི་འོག་ལ་བཞག་ཐུབ་དགོས་ཀྱི་ཡོད་རེད།།

དུས་རྒྱུན་ཡོང་གྲགས་སུ་བཤད་པའི་ protein སྤྲི་རྫས་གྷ་རམ་ 0.7 ཟ་དགོས་ཡོད་ཅེས་བཤད་པ་དེ་ཉུང་མཐའ་ལ་ཉིན་རེ་དེ་ཙམ་ཟ་དགོས་པའི་དོན་ཡིན།།

ད་ཡང་ཁ་ཤས་ཅིག་གི་ཀུན་སློང་བཟང་ཡང་གནད་དོན་མ་ཤེས་པར་ཁུང་མེད་ཨ་གོ་ཡང་གོ་བྱེད་པའི་སྐད་ཆ་ཞིག་ཤོད་པ་ལ་མངར་རྫས་དེ་རང་བྱུང་ཡིན་ན་ཡག་པ་དང་། ཤིང་ཏོག་དང་སྦྲང་རྩི་ལས་བྱུང་ན་ཡག་པ་ཡིན་པ་སོགས་བཤད་པ་དེ་ལུས་ཀྱི་ཁོ་སྤྱོད་བྱེད་སྟངས་དང་ནུས་བསྒྱུར་རིམ་པའི་སྐོར་ཕལ་ཆེར་མ་མཁྱེན་པ་རེད།།

བརྗོད་བྱ་འདིའི་སྐོར་འབྲེལ་བཤད་རྗེས་སུ་ད་དུང་ཅུང་ཙམ་འབུལ་ཡ་ཡོད་པས་སྐབས་རེ་འདིར་ཚུར་ཕེབས་ནས་གཟིགས་ཙམ་གནང་རོགས།།

རྒྱས་པ་འདིར་གཟིགས།།

གཉེན་ཉེ་གྲོགས་ཚོ་ལ་ ketotibet.com འདི་སྟོན་རོགས། འགྲེམས་རོགས། སྐུལ་མ་གཏོང་རོགས། ནད་གཞི་མང་པོ་ལས་སྐྱོབས་རོགས། བཀའ་དྲིན་ཆེ། ཀི་སྤྲོ་རྒྱལ་ལོ།།

དྲྭ་རྒྱ་དང་དྲྭ་ཤོག་འདི་ཚོ་ད་ལྟ་བཟོ་བཀོད་དང་ཕྱོགས་སྒྲིག་བྱེད་མུས་ཡིན་པས་དགོངས་འཇགས་འཚལ།།