KetoTibet Keto ཀི་སྤྲོ་འབྲོག་ཟས?
ketotibet.com

ཁྲག་ཞག - མཁྲིས་ཞག

Cholesterol

ཟས་སྣུམ་ཞག་ཅན་ཟ་ན་སྙིང་ལ་མི་གནོད་ཨེ?

རེད།

ད་དེ་འདྲ་ཨེ་ཡིན?

སྤྱིར་བཏང་ཞག་ལ་ཡག་སྡུག་གཉིས་ཡོད་པས་དབྱེ་འབྱེད་དང་ཟ་སྟངས་ཤེས་ན་ཁམས་བཟང་བ་ཡིན།།

ཞག་རྩི་ཟ་སྟངས་ཤེས་པར་བྱེད་དགོས་པ་དེ་ཧ་ཅང་གི་གནད་ཆེན་པོ་ཡིན། མར་དང་ཚིལ་ལྟ་བུའི་ཞག་རྩི་དེ་ཚོ་ཟ་ན་ cholesterol (ཀོལེ་སིཋེརོལ་ - མཁྲིས་ཞག) ཐོ་རུ་འགྲོ་ནས་སྙིང་ལ་གནོད་ཀྱིས་ཡོད་རེད་ཟེར་ནས་མང་པོས་ཞེད་སྣང་བྱེད་ཀྱིས་ཡོད་རེད་དེ་ཉེན་ཁ་ཡོང་ལུག་ཡོང་སྟངས་ཀྱི་གནད་དོན་ཏོག་ཙམ་ཤེས་ན་ཡག་པོ་ཡོད་རེད།།

ད་འོ་ན་འདིའི་གནོད་ཚུལ་ག་འདྲ་རེད་ཟེར་ན། ཁྲག་ཞག་དེ་མངར་རྫས་དང་སྲེ་ནས། མངར་རྫས་ཀྱིས་བཏུམས་པའི་རྐྱེན་བྱེད་ནས་སྙིང་ལ་གནོད་པའི་ oxidized cholesterol འཚོ་རླུང་སྦྱོར་སྡེབ་སོང་བའི་ཀོལེ་སིཋེརོལ་གྱི་རྫས་སྡུག་ཅག་ཅིག་ལ་བསྒྱུར་བའམ། མདོར་དོན་སྐྱོན་ཆག་བྱུང་བས་དེའི་སྙིང་རྩའི་ནད་ལ་གནོད་གྱིས་ཡོད་འདུག།

སྤྱིར་ cholesterol མཁྲིས་ཞག་དེ་སེམས་ཅན་གྱི་ལུས་པོའི་ནང་དུ་ཡོད་པའི་ཞག་རྫས་ཤིག་ལ་གོ་བ་དང་། འདི་ནི་ལུས་ཀྱི་ནུས་འགྱུར་དང་རྨེན་རྫས་ཐོན་སྐྱེད་གཉིས་ཀའི་ནང་དུ་གལ་ཆེན་པོ་རེད།།

གཞན་ cholesterol མཁྲིས་ཞག་དེ་ལུས་ཀྱི་བྱ་སྤྱོད་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། cholesterol མཁྲིས་ཞག་འདི་ཉུང་དྲག་ན་ཚེ་ཐུང་བ་དང་འཆི་རྐྱེན་རྒྱུ་མང་འཕེལ་བས་འདི་ཧ་ཅང་གི་གལ་ཆེན་པོ་ཡིན་གྱི་འདུག།

གཤམ་གསལ་གྱི་ link སྦྲེལ་མཐུད་སྔོན་པོ་དེའི་ནང་ལ། ཚིལ་ཞག་དང་སྙིང་ནད་བར་ལ་འབྲེལ་བ་མེད་སྐོར་གྱི་ཡིག་ཆ་དུ་མ་ལ་བལྟས་པའི་དཔྱད་ཡིག་ལ་གཟིགས་དང་།།

Meta-analysis: No conclusive link between saturated fats and CV risk


Statins provide no clinical benefit when coronary calcium is zero.

ཀི་སྤྲོའི་ཟ་སྟངས་འདི་སྙིང་ལ་ཕན་པའི་སྐོར་འདིར་གཟིགས་རོགས།།

More to come...

ketotibet.com

Cholesterol མཁྲིས་ཞག་དང་འབྲེལ་བའི་ཡིག་ཆ་བཅོས་བསྒྱུར་གྱི་བྱུང་བ།


The hypothesis that high TC causes CVD was introduced in the 1960s by the authors of the Framingham Heart Study. However, in their 30-year follow-up study published in 1987, the authors reported that “For each 1 mg/dl (0.02586 mmol/L) drop in TC per year, there was an eleven percent increase in coronary and total mortality”. Three years later the American Heart Association and the US National Heart, Lung and Blood Institute published a joint summary concluding “a one percent reduction in an individual’s TC results in an approximate two percent reduction in CHD risk”. What the...

Besides, multiple high quality nutritional science shows that low-carbohydrate diet is more effective for weight loss and cardiovascular risk factor reduction than the low-fat diet. Here's a Randomized Control Trial study showing exactly that.

"ཕརམིངཧམ་སྙིང་གི་ཉམས་ཞིབ་"བྱེད་པ་པོ་ཚོས་ ༡༩༦༠ ཡས་མས་ནང་ལ་མཁྲིས་ཞག་མཐོ་ན་སྙིང་རྩའི་ནད་གཞི་ཡོང་ཞེས་པའི་”ཚོད་དཔག་གཞིར་གཞག་གི་རིག་པ་” ཞིག་ངོ་སྤྲོད་དམ་གསར་གཏོད་བྱེད་པ་རེད།།

འོན་ཀྱང་ ༡༩༨༧ ལོ་ལ། ལོ་ངོ་སུམ་ཅུ་ཟིན་མ་ཟིན་ལ་འཇུག་སྐྱོང་ཉམས་ཞིབ་ཡིག་ཆ་ཞིག་པར་འགྲེམས་བྱེད་པའི་ནང་ལ་ཁོ་ཚོས་“ལོ་རེར་ cholesterol མཁྲིས་ཞགས་ཨང་ཚད་རེ་རེ་ 1 mg/dl (0.02586 mmol/L) ཆག་ན་སྙིང་རྩ་དང་འཆི་འདས་གྲངས་ཚད་བརྒྱ་ཆ་ ༡༡ གི་མང་རུ་འཕེལ་གྱི་ཡོད་” ཅེས་བརྗོད་ཡོད་པ་རེད།།

ལོ་གསུམ་གྱི་རྗེས་ལ་“ཨ་རི་སྙིང་གི་ཚོགས་པ་” དང་“ཨ་རི་རྒྱལ་སྤྱི་སྙིང་བློ་ཁྲག་གི་ལྟེ་གནས” གཉིས་ཀྱིས་ཟུང་སྦྲེལ་གྱི་ཕྱོགས་བསྡོམས་གྱི་ནང་ལ་“སྒེར་པ་གཅིག་གི་མཁྲིས་ཞག་དེ་བརྒྱ་ཆ་ ༡ ཆག་ན་སྙིང་ནད་དང་འབྲེལ་བའི་འཆི་འདས་བརྒྱ་ཆ་ ༢ ཙམ་ཉུང་རུ་འགྲོ་” ཞེས་འཇུག་བསྡུས་བྱེད་ཡོད་པ་རེད། འོ་ཙི་ལོ།།

 རྒྱས་པ་འདིར་ཡོད།།

མ་གཞི་ནས་ཞག་རྩི་ཉུང་བའི་ཟས་ལས་ཞག་རྩི་ཆེ་བའི་ཟས་དེ་ཟ་ན་ལུས་ཀྱི་ལྗིད་ཚད་ཆུང་རུ་འགྲོ་བ་དང་། སྙིང་རྩའི་ནད་རིགས་ཉུང་རུ་གཏོང་བ་ལ་ཕན་པའི་ཆེས་ཐོ་བའི་ཉམས་ཞིབ་ཡི་གེ་དུ་མ་ཡོད་པའི་ནང་ནས་གཅིག་འདི་ཡིན་པས་གཟིགས་རོགས།།

More to come...

གཉེན་ཉེ་གྲོགས་ཚོ་ལ་ ketotibet.com འདི་སྟོན་རོགས། འགྲེམས་རོགས། སྐུལ་མ་གཏོང་རོགས། ནད་གཞི་མང་པོ་ལས་སྐྱོབས་རོགས། བཀའ་དྲིན་ཆེ། ཀི་སྤྲོ་རྒྱལ་ལོ།།

དྲྭ་རྒྱ་དང་དྲྭ་ཤོག་འདི་ཚོ་ད་ལྟ་བཟོ་བཀོད་དང་ཕྱོགས་སྒྲིག་བྱེད་མུས་ཡིན་པས་དགོངས་འཇགས་འཚལ།།