KetoTibet Keto ཀི་སྤྲོ་འབྲོག་ཟས?
ketotibet.com

ཟས་བཅུད་སྐོར།

Diabetes མངར་ནད་འདི་ “ནུས་བསྒྱུར་ནད་རིགས་ཀུན་འདུས་” ཅན་ཞིག་ཡིན་པས་གཞི་རྩའི་ཟས་བཅུད་ཀྱི་སྐོར་མདོར་ཙམ་ཤེས་པ་ཧ་ཅང་གལ་ཆེ། ང་ཚོ་བོད་ཀྱི་གཏམ་དཔེ་ལ། མི་ནད་ཐམས་ཅད་ཟས་ནད་ཡིན། རྟ་ནད་ཐམས་ཅད་རྒྱུགས་ནད་ཡིན། ཞེས་ཡོད་པ་ལྟར་ནད་ལ་ཐད་ཀར་གནོད་པའི་ཟས་དེ་ཚོ་ག་ཚོད་ཡིན་ན་རྒྱང་རིང་པོ་ལ་གཞག་ཐུབ་ན་དགའ།།

མིའི་སྤྱི་ཚོགས་ནང་། macronutrients ཟས་ཆེན་ནམ་རག་ཟས་དེ་ལ་གཙོ་བོ་གསུམ་རེདཿ

Carbohydrate ཁར་སྦོ་མངར་རྫས

Protein སྤྲི་རྫས་

Fat ཞག་ཚི་

ཟས་བཅུད་རག་པ་འདི་གསུམ་གྱི་ནང་ནས་ carbohydrate ཁར་སྦོ་མངར་རྫས་དེ་ཕོན་ཆེ་ཤོས་ཡོད་རེད། འདི་གཅིན་སྙི་གཙོས་པའི་ནད་མང་པོ་ལ་གནོད་ཆེ་ཤོས་ཡིན་པས་གཟབ་དགོས།།

Carbohydrate ཁར་སྦོ་མངར་རྫས་འདིའི་བསྒྱུར་གཞན་ལ་“ཀ་ར་འདུས་རྡུལ་”དང་། ས་ཆུའི་སྙིང་པོ་ལ་སོགས་པ་འདུག

Carbohydrate ཁར་སྦོ་མངར་རྫས་ཕོན་ཆེ་ཤོས་ཡོད་པའི་ཟས་རིགས་ཁ་ཤས་འདི་ཚོ་ཡིནཿ

ཀ་ར་སྣ་ཚོགས་

འབྲུ་ཟས་ཚང་མ་

འབྲུ་རིགས་ཀྱི་བག་ཚི་འམ་བག་ཚི་ཅན་གྱི་འབྲུ་སྣ་ starchy grains

འབྲུ་རིགས་ལས་བཟོས་པའི་བག་ལེབས་རིགས་

ཞོག་ཁོག་རིགས་

འབྲས་ཐུག་རིགས་

གྲོ་ཆག་རིགས

གྲོ་ཞིབ་ལས་བཟོས་པའི་ཐུག་པའི་རིགས་

སྲན་མའི་རིགས

དྷལ་གྱི་རིགས་

སྦི་རག་སྣ་ཚོགས་

ཤིང་ཐོག་རིགས་

འོ་མའི་རིགས་

རྦིསི་ཀུཊི་རིགས་

འབྲུ་རིགས་འབྲས་དང་ནས་ལ་སོགས་པ་ཡིན།

ནས་འབྲུ་ལས་བཟོས་པའི་ནས་ཙམ་ལ་ཁར་སྦོ་མངར་རྫས་དེ་སྐྲག་མོ་མང་པོ་ཡོད་པ་འདིར་གཟིགས་དང་། ཙམ་པ་གྷ་རམ་ ༡༠༠ ལ་ཁར་སྦོ་མངར་རྫས་གྷརམ་ ༧༨ ལསལྷག་ཙམ་ཡོད།།

བྲོ་ཞིབ་དཀར་པོ་གྷ་རམ་ ༡༠༠ ལ་ཁར་སྦོ་མངར་རྫས་གྷ་རམ་ ༧4 ལས་ལྷག་ཙམ་ཡོད་པ་འདིར་གཟིགས་དང་།།

མདོར་དོན་བྲོ་ཞིབ་དཀར་པོ་དང་ཙམ་པ་གཉིས་ལ་ཁར་སྦོ་མངར་རྫས་མང་ཉུང་འདྲ་བས་ལུས་ལ་ཕན་གནོད་ཆེ་ཆུང་དེ་ཡང་འདྲ་བ་ཡིན།།

དེས་ན་ཤ་རྒྱག་པ་ཡིན་པ་དང་། མངར་ནད་གཅིན་སྙི་ཡོད་མཁན་ཚོས་ངེས་པར་དུ་འཛེམ་སྤོང་བྱེད་དགོས་པ་ཞིག་ཡིན།

ཟས་འདི་ཚོ་ཕོན་ཆེན་པོ་ཟ་ན་དོན་ལ་མངར་རྫས་ཀ་ར་ཟ་བ་དང་། ཨ་རག་མང་པོ་ཐུང་བ་དང་ཁྱད་པར་མེད་པས་རིམ་གྱིས་མཆིན་ནད་རིགས་དང་ཀ་རའི་ནད་དག་ན་ཡོང་གིས་ཡོད་རེད།

བྱས་ཙང་ carbohydrate ཁར་སྦོ་མངར་རྫས་མང་པོ་ཡོད་པའི་ཟས་རིགས་འདི་ཚོ་ཇི་ཙམ་མང་བ་ཟ་ན་དེ་དང་འབྲེལ་བའི་ནད་གཅིན་སྙི་དང་། དེ་དང་འབྲེལ་བའི་མཁལ་ནད། མཆིན་ནད། སྙིང་ནད་རིགས་སྣ་ཚོགས། དྲན་པ་ཉམས་པ། ཁྲག་ཤེད་ལ་སོགས་པ་ན་བ་ཇེ་མང་དུ་འགྲོའི་ཡོད་རེད།།

མ་ཟད་་་ཨ་རག་འཐུང་མཁན་ལ་བྱུང་བའི་མཆིན་ནད་དང་། fructose ཤིང་ཏོག་མངར་རྫས་ཕོན་ཆེན་པོ་བཟའ་བཏུང་བྱེད་པ་དང་། འབྲུ་རིགས་ལས་བྱུང་བའི་ཟས་སྣ་ཕོན་ཆེན་པོ་ཟ་མཁན་གཉིས་ཀ་ལ་ནད་གཅིག་པ་ན་བ་ཡིན། ནད་དེའི་ཐུན་མོང་གི་མིང་ལ་ fatty liver ཚིལ་ཅན་མཆིན་པ་རེད། དེ་ལ་དབྱེ་ན་ alcoholic fatty liver disease ཆང་རག་ལས་བྱུང་བའི་ཚིལ་ཅན་མཆིན་པ་དང་། non-alcoholic fatty liver disease ཆང་རག་མིན་པ་ལས་བྱུང་བའི་ཚིལ་ཅན་མཆིན་པ་གཉིས་ཡིན།།

མངར་ནད་གཅིན་སྙིའི་ངོས་འཛིན་སྐབས་སུ་ཞུས་པ་ནང་བཞིན་གཤམ་གྱི་ཚིག་གྲུབ་དམར་པོ་འདི་ངེས་པར་དུ་གཟིགས་རོགས། འདི་ཤེས་མཁན་དཀོན་པོ་འདུག བྱས་ཙང་ཡིག་ཆ་འདི་ཆ་ཚང་ཀློག་མ་ཐུབ་ན། ཚིག་གྲུབ་འདི་ངེས་པར་དུ་གཟིགས་ནས་ཐུགས་བསམ་བཞེས་རོགས།།

ཆང་རག་འཐུང་མཁན་དང་བྲོ་རིགས་དང་ཤིང་ཐོག་རིགས་ཕོན་ཆེན་ཟ་མཁན་གཉིས་ཀྱི་ནད་གཞི་གཅིག་པ་རེད་ཟེར་ན་འགྲིག་པ་རེད། དེ་གཉིས་ལ་རིམ་པ་བྱེད་ན་དང་པོ་ཚིལ་ཅན་མཆིན་པའི་ནད་དེ་རེད། དེའི་རྗེས་ལ་མངར་ནད་གཅིན་སྙི་སྔོན་འགྲོ་དེ་རེད། དེའི་རྗེས་ལ་མངར་ནད་གཅིན་སྙི་ (དངོས་) དེ་རེད། དེ་གཉིས་ཀྱི་སྔོན་ལ་ཨིན་སུ་ལིན་གདོང་ལེན་དེ་ཡང་ཡོད་རེད།།

འདི་ཧ་ལས་པའི་རྟེན་འབྲེལ་གཅིག་རེད་འདུག། 

སྤྱིར་ལུས་ཁམས་བདེ་བར་འཚོ་བ་ལ་ཟས་བཅུད་ཕྲ་རག་གཉིས་ཀ་དགོས་པ་ཡིན།།

དེ་གཉིས་ལ་ macronutrient རགས་བཅུད་དང་ micronutrient ཕྲ་བཅུད་ཟེར།

Diabetic གཅིན་སྙི་ནད་པ་ཚོ་ལ་ནད་འདིའི་རྐྱེན་གྱིས་ཕྲ་བཅུད་དེ་ཉུང་བ་ཡོད།།

དེས་ན་ vitamins འཚོ་བཅུད་དང་ minerals གཏེར་རྫས་དེ་ཚོ་ཟས་ཆེན་རག་པ་དག་ལས་ཆ་ཚང་བ་གཅིག་མི་རག་པས་ diabetics གཅིན་སྙི་ནད་པ་དག་ལ་ཕན་ཐོག་ཆེ་བའི vitamins B complex འཚོ་བཅུད་ "B སྦིས"སྣ་ཚོགས་ཟ་ན་ diabetes གཅིན་སྙི་དང་འབྲེལ་བའི་རྙོག་འཛིངས་ཆེ་བའི་ནད་རིགས་དཔེར་ན་སྙིང་ནད། རྩ་ནད། ལོང་ནད། མཁལ་ནད། མཆིན་ནད། ཡན་ལག་གཅོད་དགོས་པ། དྲན་པ་དང་རིག་པ་ཉམས་པ། cancer སྐྲན་ནད་ (ཀེན་སར་) རིགས་སྣ་ཚོགས་ན་བ་ལ་སོགས་པའི་རྐྱེན་ངན་དུ་མ་ཡོད་པ་དེ་ཚོ་འགོག་པའམ། མྱུར་བར་ཡོང་དུ་མ་གཅུག་པའམ། ཕྱིས་འགྱང་གཏོང་བ་ལ་ཕན་གྱིས་ཡོད་པ་་་ཚད་མཐོ་བའི་ཟས་བཅུད་རིག་པའི་ཞིབ་འཇུག་ཡིག་ཆ་དག་ལས vitamins འཚོ་བཅུད་དང་ minerals གཏེར་རྫས་དེ་ཚོ་ diabetics གཅིན་སྙི་ནད་པ་དག་གིས་ལུས་སྟོབས་མ་ཉམས་པ་དང་། ལེགས་པར་འཚོ་ཐུབ་པའི་ཆེད། ངེས་པར་དུ་ཟ་དགོས་ཚུལ་གསལ་པོ་བརྗོད་ཡོད།།

Diabetes གཅིན་སྙི་འདི་ནད་རྫབ་ཆེན་ཇི་ཙམ་ཞིག་ཡིན་ཀྱང་། གཅིན་སྙི་འདིའི་ནད་རྟགས་མངར་རྫས་དེ་རང་ཉུང་རུ་གཏོང་བའི་ཐབས་ལ་ཕྱི་རྫས་ཨིན་སུ་ལིན་གྱི་སྨན་དེ་གཙོ་བོ་གཏེར་བ་ལ་དོ་སྣང་བྱེད་ཀྱིས་ཡོད་རེད། དེས་ན་རྫས་སྦྱོར་གྱིས་བཟོས་པའི་སྨན་རྫས་ཟ་བ་ལས་ནད་འདི་ལ་མ་གནོད་པའི་ཟས་རིགས་ཚད་ལྡན་དག་ཟ་ན། ནད་འདི་དང་འབྲེལ་བའི་ནད་རིགས་གཞན་དག་དེ་ཚོ་ཡང་སྔོན་ནས་འགོག་ཐུབ་པ་ཙམ་དུ་མ་ཟད། སོ་སོའི་ད་ལྟའི་ལུས་སེམས་གཉིས་ཀའི་ཁམས་དེ་ཡང་བདེ་རུ་འགྲོ་བ་ལ་ཕན་པའི་ protein སྤྲི་རྫས་མང་པོ་ཡོད་པའི་ཟས་རིགས་ཟ་བ་དང་། བཀྲེས་པ་ཉུང་དུ་གཏོང་བའི་ཚིལ་ལམ་ཞག་རྩི་ལྡན་པའི་ཟས་དག་ཟ་ན་ཧ་ཅང་གི་ཕན་ཐོག་ཆེན་པོ་ཡོད་རེད།། འཚོ་བའི་ཟས་ལ་ཀུན་ཀྱང་འདུ་ཞེས་པ་ལྟར་ལུས་འཚོ་ཞིང་ཁམས་བདེ་བར་བྱེད་པའི་ཟས་མཆོག་དེ་ལ་ཀུན་འདུ་བ་དང་བདེ་བར་བདེན།།

བྱས་ཙང་ protein སྤྲི་རྫས་མང་པོ་ཡོད་པའི་ཟས་རིགས་ཉིན་རེ་ལ་དཔེར་ན་བྱ་ཏེའི་སྒོ་ང་ ༢ - ༤ བཞི་ཙམ། དུད་འགྲོ་ལས་བྱུང་བའི་ཟས་སྣ་དཔེར་ན། ཤ་ཚིལ་ལུ་ཡོད་མཁན། མར། ཕྱུར་བ། ཁ་སྤྲི་ལ་སོགས་པ་དང་། དེ་དང་མཉམ་དུ་ལོ་འདབ་ཅན་གྱི་ཚལ་ལྗང་ཁུའི་རིགས་པད་ཚལ། པཱ་ལག་ (spinach) དང་བྱིན་ཚལ་ (celery) སོགས་ཏོག་ཙམ་ཟ་ན། འདི་ཡིས་མངར་རྫས་མཐོ་རུ་མི་གཏོང་། དེའི་རྐྱེན་གྱིས་ཨིན་སུ་ལིན་དེ་ཡང་མཐོ་རུ་མ་ཕྱིན་པས་འདི་ diabetes མངར་ནད་གཅིན་སྙི་ལ་ཕན་པའི་ཟས་ཐབས་ཡག་ཤོས་དེ་རེད་ལབ་ཆོག་པ་རེད།།

Carbohydrate ཁར་སྦོ་མངར་རྫས་ཉུང་བའི་ཟས་དེ། ཉིན་ལྟར་འཆར་ཅན་དུ་ཟ་ན། ལུས་འདིས་རང་བཞིན་གྱིས་ཆུ་འཛིན་པ་དེ་ཉུང་རུ་འགྲོ་བས། ཁྲག་ཤེད་ཆུང་རུ་འགྲོ་བ་དང་། ད་ག་ནང་བཞིན་སྙིང་གི་འཕྲོད་བསྟེན་ལ་ཕན་པའི་བོད་ཚྭ་འམ་བྲག་ཚྭ་མི་ཉུང་བ་ཟ་ན་ཕན་ཡོན་ཆེན་པོ་ཡོད།།

མདོར་ན་བོད་རིགས་ཚོ་ལ་རྒྱུས་ཡོད་པའི་གནའ་བོ་བོད་ཀྱི་འབྲོག་པའི་ཟས་སམ་དེང་དུས་ཀྱི་བཤད་པའི་ ketogenic diet ཀི་སྤྲོའི་ཟ་སྟངས་དེ་ལེགས་པར་བྱེད་ན། ནད་ཆེན་འདི་ཚོ་ཡོང་བ་དཀོན་པ་དང་། གལ་སྲིད་ནད་འདི་ན་ན་ཡང་། མནའ་བོའི་འབྲོག་པའི་ཟས་ལས་ལྷག་པ། ནད་གཞི་འདི་ལ་གནོད་ཆུང་བ་དང་། ནད་འདི་ལ་ཕན་པའི་ཟས་་་ས་སྟེང་འདི་ལ་མེད་ཟེར་ན་ལུང་ཞེན་ཅན་གྱི་ཧམ་བཤད་དུ་མི་འགྱུར་དྲན།།

གཞན་གོང་དུ་བརྗོད་པ་དེ་ཚོ་ལ་རྟོག་བཟོ་དང་རང་བཟོ་གཅིག་ཀྱང་མེད། བཤད་གྲྭར་་་ཤོག་ལེབ་རེ་གཉིས་བལྟ་ཁུལ་བྱེད་མྱོང་བའི་འབྲས་བུར་་་ནང་གཞུང་དང་འབྲེལ་བའི་ཐ་སྙད་རེ་གཉིས་དཔེ་མཚོན་བཞག་ཐུབ་པ་དེ་་་འོས་པོ་མཐོང་བྱུང་བས་་་ཕན་རེ་ཆེ།།

Diabetes མངར་ནད་ཟ་ཁུ་གཅིན་སྙི་ཡི་སྨན་ཟ་མཁན་ཡིན་ན། འདིར་ཞུས་པའི་ཟས་ཟ་སྟངས་དེ། རང་གི་ལག་ལེན་མ་བསྟར་བའི་སྔོན་དུ་རང་གི་སྨན་པ་དང་མཉམ་དུ་གྲོས་བསྡུར་བྱེད་པ་གནད་འགག་ཆེན་པོ་ཡིན། གང་ཡིན་ཟེར་ན་ལུས་ཁྲག་གི་ནང་དུ་མངར་རྫས་ཉུང་རུ་གཏོང་བ་ལ་ཟ་སྟངས་འདི་ཤུགས་ཆེན་པོ་ཡོད་པས་སྨན་དེ་ཡང་ཤུགས་ཆེ་རུ་འགྲོ་ནས་ལུས་ཀྱི་ནང་ལ་ཀ་ར་དེ་ཧ་ཅང་གི་ཉུང་རུ་འགྲོ་དྲག་ནས་དྲན་པ་བརྒྱལ་བ་སོགས་ཀྱི་ཉེན་ཁ་ཡོང་བའི་སྐྱོན་ཡོད།།

རང་གི་སྨན་པ་དང་མཉམ་དུ་གྲོས་བསྡུར་བྱེད་པ་ལ་འཛེམ་བག་རྩ་བ་ནས་གནང་དགོས་ཡ་མེད་རེད། ངོ་ཚ་མཚེར་སྣང་གནང་དགོས་ཡ་ཡོད་མ་རེད། རང་གི་ལུས་དེ་རང་གིས་ལྟ་རྟོག་བྱེད་པ་དེ་དཔེ་ཡག་པོ་རེད། སྨན་པ་ཚོ་ཡིན་ན་ཡང་སེམས་དགའ་དགོས་ཀྱི་རེད།།

གལ་སྲིད་དེ་ལྟར་མ་བྱེད་ནས་ low-carb doctor ཁར་སྦོ་མངར་རྫས་ཉུང་བའི་ཟས་ཟ་སྟངས་ལ་མཁས་པའི་ཨེམ་ཇེ་ཞིག་ལ་བསྟེན་དགོས་བསམ་ན་འདིར་གཟིགས་རོགས།།

ཞིབ་ཆ་གཟིགས་པ་ལ་སྤྲོ་བ་ཡོད་མཁན་ཚོ་འདིར་གནོན་རོགས།།

More to come...

གཉེན་ཉེ་གྲོགས་ཚོ་ལ་ ketotibet.com འདི་སྟོན་རོགས། འགྲེམས་རོགས། སྐུལ་མ་གཏོང་རོགས། ནད་གཞི་མང་པོ་ལས་སྐྱོབས་རོགས། བཀའ་དྲིན་ཆེ། ཀི་སྤྲོ་རྒྱལ་ལོ།།

དྲྭ་རྒྱ་དང་དྲྭ་ཤོག་འདི་ཚོ་ད་ལྟ་བཟོ་བཀོད་དང་ཕྱོགས་སྒྲིག་བྱེད་མུས་ཡིན་པས་དགོངས་འཇགས་འཚལ།།