KetoTibet Keto ཀི་སྤྲོ་འབྲོག་ཟས?
KETOTIBET.COM


༑སྨྱུང་བར་གནས་པའི་སྐོར་གྱི་ཟིན་བྲིས།

Fasting is one of the main Buddhist practices and has tremendous benefits to both your body and mind.

Fasting སྨྱུང་བར་གནས་པ་ནི་ནང་ཆོས་ཀྱི་ནང་དུ་གནད་ཆེན་པོ་རེད།།

ནང་ཆོས་ཀྱི་སྨྱུང་བར་གནས་པའི་ཡིག་ཆ་དག་ལས་ལུས་ངག་ཡིད་གསུམ་ཀ་སྨྱུང་བར་གནས་ན་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་འགྱུར་བ་དང་། གཞན་ཡང་ "བྲོ་ནད་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར།

སྒྲིབ་པ་ཐམས་ཅད་དང་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ལགས་སོ" ཅེས་སོགས་ཀྱི་ཕན་ཡོན་དུ་མ་གསུངས་ཡོད།།

གཞན་ཡང་ད་ལྟ་མཐོང་ཆོས་ཚེ་འདིའི་ལུས་སེམས་གཉིས་ཀྱི་ཁམས་དེ་ཡང་། སྨྱུང་བར་གནས་པའམ་ཟས་གཅོད་བྱེད་ན་བདེ་རུ་འགྲོ་བའི་ཕན་ཡོན་ཆེན་པོ་ཡོད་པ་དེང་སང་གི་སྨན་གྱི་མཁས་པ་མང་པོས་གསུང་གི་ཡོད་རེད།།

ཟས་མི་ཟ་བར་ཡུན་རིང་པོར་ཇི་ཙམ་སྡོད་པ་ཡིན་ན་དེ་སྨྱུང་བར་གནས་པ་རེད།།

དེས་ནད་ཉུང་རུ་འགྲོ་བ་ལ་ཕན་པ་ཡིན།།

ཚེ་རིང་བ་ལ་ཡང་ཕན་པའི་སྐོར་ཡིག་ཆ་མང་པོ་འདུག།

དེང་སང་ OMAD = One Meal A Day "ཉིན་རེ་ཟ་ཐེངས་གཅིག" གི་སྐོར་གྱི་ཕན་ཡོན་མང་པོ་བཤད་ཀྱིས་ཡོད་རེད།། འདིའི་སྐོར་ལ་དགོངས་པ་བཞེས་ན། འཛམ་གླིང་ན་ "ཉིན་རེ་ཟ་ཐེངས་གཅིག" ཅེས་པ་དེ་བདག་ཅག་གི་སྟོན་པས་ལོ་ ༢༦༠༠ སྔོན་ནས་གསུངས་པ་ཞིག་རེད།།

རབ་བྱུང་དག་གིས་གུང་ཚིགས་གནང་བ་ཟེར་མཁན་དེ་ཡང་འདི་རེད།།

ཉིན་ཞག་གཅིག་གི་ཟས་ཆེན་ལྟེ་བ་ལས་གཞན་ཕྱི་དྲོ་ལ་ཟས་མེད་པར་སྨྱུང་བར་གནས་ནས་གཞུག་པ་ལ་དགེ་མཚན་ཆེ་བས་རབ་བྱུང་གི་ཁྲིམས་ལ་ཡང་བཞག་པ་རེད།།

ད་དེང་སང་ཉི་མ་རེ་རེ་ལ་ཟས་རིགས་མང་པོ་ཟ་བ་དང་། ཟ་ཐེང་མང་པོ་བྱེད་ཀྱིས་ཡོད་རེད།།

བཅུད་ལྡན་ཟས་ལས་གཞན་པ་ལུས་འདི་ལ་དགོས་ཡ་གཙོ་བོ་དེ་ངལ་གསོ་དང་། མཚན་མོར་སྔ་ཙམ་གཉིད་ཉལ་བ་དང་། ཡང་ཡང་སྨྱུང་བར་ཡུན་རིང་ཙམ་གནས་པ་དེ་ཡིན་ན་ཡང་། དེ་ཚོ་ལུས་པོ་འདི་ལ་ཏག་ཏག་མི་རག་ནས་དེང་སང་ལུས་ཁམས་ཇེ་སྡུག་ཏུ་འགྲོ་བ་དང་། མང་པོ་ཞིག་རྒྱགས་རུ་འགྲོ་བ་དང་། ནད་རིགས་མང་པོ་འཁྲིད་ཡོང་བའི་ཀུན་སྤྱོད་དེ་ད་ཞག་མང་ཆེ་བ་ལ་ཡོད་པ་ཡིན།།

ཆོས་ཕྱོགས་ནས་ཀྱང་དཔེར་ན། ལུས་རྒྱས་པའི་རྒྱུ་ལ་ཟས། གཉིད། ལེགས་པར་བྱ་བ་ (བསྐུ་མཉེ་)། །ཏིང་འཛིན་ཞེས་བཞི་གསུངས་འདུག།

འདིའི་ནང་ནས་དང་པོ་ཟས་བཅུད་བསྟེན་སྟངས་དེ་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད།།

carbohydrate མཁར་སྦོ་མངར་རྫས་ཟ་མང་དྲག་ནས་དེང་སང་མངར་ནད་གཅིན་སྙི་སོགས་ཀྱི་ནད་གཞི་མང་པོ་ན་ཡིས་ཡོད་པས་དེ་དག་ཇི་ཙམ་འཛེམ་ཐུབ་པའམ་སྤང་ན་ཤིན་ཏུ་ལེགས།།

གང་འཕྲོད་པ་དེ་བསྟེན་པ་དང་། གང་མ་འཕྲོད་པ་དེ་མ་བསྟེན་པ་ཞེས་པ་འདི། འཕྲོད་བསྟེན་གྱི་གོམ་པ་དང་པོ་དེ་རེད་ལབ་ན་འགྲིག་པ་རེད།།

ཇི་ཙམ་སྨྱུང་བར་རན་པོ་གནས་ན་དེ་ཙམ་གྱི་སེམས་ཁམས་དང་ལུས་ཁམས་གཉིས་ཀ་ཚེར་མ་འདོན་པ་ལྟར་རིག་རྒྱུ་ཚོར་རྒྱུ་ཡོད་པའི་ཕན་ཡོན་ཤིན་ཏུ་ཆེ།། སྨྱུང་གནས་སྐོར་གྱི་དཔེ་ཆ་མང་པོའི་ནང་ལ་སྨྱུང་གནས་ཀྱི་ཉམས་ལེན་བྱེད་ན་སྤྱིར་ནད་རིགས་དག་ལ་ཕན་པ་དང་། དེང་དུས་ཀྱི་ཀེན་སར་ཞིབ་འཇུག་མཁས་པ་ཚོས་ཀྱང་འབྲས་ནད་དམ་ཀེན་སར་དེ་ metabolic disease "ཟས་ཀྱི་ནུས་སྒྱུར་འཁྲུགས་པའི་ནད་"ཅིག་ལ་ངོས་འཛིན་བྱེད་པས་བོད་སྨན་ནས་གསུངས་པའི་"འབྲས་ནད་"དང་ཧ་ཅང་འདྲ་བོ་རེད་འདུག།

བཅོས་ཐབས་དེ་ཡང་ non-toxic དུག་རྫས་མིན་པའི་ "ཀི་སྤྲོའི་ཟ་སྟངས" དང་སྨྱུང་བར་གནས་པའི་ཐབས་གཉིས་ཀྱི་སྒོ་ནས་ཀེན་སར་ནད་པ་མང་པོས་ཚེ་སྲིང་ཐུབ་པ་ཙམ་དུ་མ་ཟད། གསོན་པར་གནས་ཚེ་ལུས་སེམས་ཀྱི་ཁམས་བདེ་པོའི་ངང་གནས་ཐུབ་པའི་ཕན་ཡོན་སྐོར་མང་པོ་གསུངས་འདུག།

བཅུད་ལྡན་གྱི་ཟས་དེ་ལུས་ལ་ངེས་པར་དུ་དགོས་པས། བཅུད་ལྡན་གྱི་ཟས་དེས་ལུས་སེམས་གཉིས་ཀ་ལ་ཕན་པ་དང་འཕྲོད་པ་ཡོད་པས། བཅུད་ལྡན་གྱི་ཟས་དེ་དག་ཕོན་ཆེན་མང་པོ་ཟ་མི་དགོས་པ་དང་། ནད་གཞི་མང་པོ་སྔོན་འགོག་ཐུབ་པ་དང་། ཆོས་སྒྲུབས་པའི་མཐུན་རྐྱེན་ཡང་འགྲུབ་ཐུབ་ཀྱི་ཡོད།།

རྒྱས་པ་འདིར་གཟིགས་རོགས།།

ཞིབ་འཇུག་ཡིག་ཆ་དག་འདིར་ཡོད་པས་་་ཞིབ་ཆ་གཟིགས་པ་ལ་་་སྤྲོ་བ་ཡོད་མཁན་ཚོ་་་ངེས་པར་དུ་གཟིགས་རོགས་ཞུ།།

More to come...

Seek professional help

This website is intended to share information on a low carb healthy lifestyle, but is NOT PERSONAL MEDICAL ADVICE.
Please seek personal medical advice from your healthcare professionals or click here to find a low-carb doctor near you.

གཉེན་ཉེ་གྲོགས་ཚོ་ལ་ ketotibet.com འདི་སྟོན་རོགས། འགྲེམས་རོགས། སྐུལ་མ་གཏོང་རོགས། ནད་གཞི་མང་པོ་ལས་སྐྱོབས་རོགས། བཀའ་དྲིན་ཆེ། ཀི་སྤྲོ་རྒྱལ་ལོ།།

དྲྭ་རྒྱ་དང་དྲྭ་ཤོག་འདི་ཚོ་ད་ལྟ་བཟོ་བཀོད་དང་ཕྱོགས་སྒྲིག་བྱེད་མུས་ཡིན་པས་དགོངས་འཇགས་འཚལ།།