KetoTibet Keto ཀི་སྤྲོ་འབྲོག་ཟས?
ketotibet.com

མངར་ནད་ཟ་ཁུ་གཅིན་སྙིའི་སྐོར།


མངར་ནད་ཟ་ཁུ་གཅིན་སྙི་ལ་རིགས་ཁ་ཤས་ཡོད་པ་ལས་དྲ་ངོས་འདི་ལ type 2 diabetes ཟ་ཁུ་གཅིན་སྙི་རིགས་གཉིས་པའི་སྐོར་ལ་ཡིན།།

Diabetes མངར་ནད་འདི་གཙོ་བོ་ lifestyle མི་ཚེ་སྤྱོད་ཚུལ་དང་། dietary བཟའ་བཏུང་དང་འབྲེལ་བའི་ནད་རིགས་གཅིག་རེད་འདུག།

ནད་འདིའི་མིང་རྒྱས་པ་ལ Diabetes Mellitus ཟེར། ཚིག་གི་འབྱུང་ཁུངས་ Greek རེད་འདུག།

Diabetes ཚིག་གི་དོན་དེ་དབྱིན་སྐད་ལ siphon ཡིན།། Mellitus ཚིག་གི་དོན་དེ་དབྱིན་སྐད་ལ་ sweet རེད།།

བྱས་ཙང་རོབ་སྒྱུར་བྱེད་ན་ “མངར་མོ་འདྲེན་པའམ་འདོན་པ་” ལ་གོ་བ་ཡིན།།

སྔོན་དུས་སུ་ལྷ་རྗེ་ཚོས་་་ནད་པའི་གཅིན་པ་དེ་མངར་མོ་ཡོད་ན་་་ནད་འདི་་་ནད་ངོས་བཟུང་ཐུབ་པས་་་ནད་འདིའི་མིང་འདོགས་ཚུལ་ལམ་་་ཐོབ་ཚུལ་འདི་འདྲ་རེད་འདུག།

ལུས་པོའི་ཁྲག་གི་ནང་ལ་ཀ་ར་མང་པོ་རྒྱུག་པ་དང་། ཀ་རའི་ཚད་རིམ་དེ་་་རྒྱུན་ལྡན་ལས་མཐོ་བ་ཡོད་པའི་ནད་དེ་ diabetes མངར་ནད་གཅིན་སྙི་ཡིན་པ་ལ་་་སྨན་གྱི་མཁས་པ་ཕལ་ཆེ་བ་མཐུན་གྱིས་ཡོད་རེད།།

ད་འདས་པའི་བཅུ་ཕྲག་ཁ་ཤས་རིང་གི་ནང་ལ། གཞིས་བྱེས་གཉིས་ཀ་ལ་ཡོད་པའི་བོད་རིགས་ཕོན་ཆེན་པོ་ཞིག ཁྱབ་རྡལ་ཆེ་ཤོས་ཡོད་པའི་དེང་དུས་ཀྱི་ནད་རིགས་མང་པོ་དེ་ཚོ་ན་བཞིན་པ་མཁྱེན་གསལ་རེད།།

World Health Organisation འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཡིག་ཆའི་ནང་ལྟར་བྱེད་ན་ ༢༠༡༩ ལོ་ལ་ནད་འདི་ན་ནས་ཐད་ཀར་མི་འབུམ་ ༡༥ ཙམ་ཤི་ཡོད་པ་དང་། International Diabetes Federation རྒྱལ་སྤྱི་མངར་ནད་ཚོགས་པས་འགོད་ཐོ་ལྟར་བྱེད་ན་མངར་ནད་ན་མཁན་ད་ཆ་ས་ཡ་ ༥༣༧ ཡོད་པ་དང་། སྐར་ཆ་ལྔ་རེའི་ནང་མི་རེར་མངར་ནད་ཀྱིས་ཤི་བ་དང་། ༢༠༢༡ ལོ་ལ་མངར་ནད་ན་ནས་མི་འབུམ་ ༦༧ ཤི་ཡོད་པ་དང་། ཡོང་འབབ་ཐོན་སྐྱེད་ཆུང་བའི་རྒྱལ་ཁབ་དག་གི་ནང་ལ་མི་བཞིའི་ནང་ནས་གསུམ་ལ་ནད་ངན་འདི་ཡོད་པ་བརྗོད་འདུག།

ནད་རིགས་འདི་ཚོ་སྤྱི་ཚོགས་རྙིང་པའི་དུས་སུ་ཧ་ཅང་གི་དཀོན་པོ་ཡིན་གྱིས་འདུག།

སྤྱིར་གཏང་སྔོན་མ་འཛམ་གླིང་ག་སར་ diabetes མངར་ནད་འདི་ན་མཁན་དཀོན་པོ་ཡིན་པ་དང། བོད་མི་རིག་གི་སྤྱི་ཚོགས་ཀྱི་ནང་ལ་ཡང་ཆ་མཚོན་ན་སྔོན་དུས་སུ་དེ་ཙམ་གྱིས་ཁྱབ་རྡལ་ཆེན་པོ་མེད་པ་དང་། དེང་སང་གི་ཟ་སྟངས་ཐུང་སྟངས་ལུགས་སྲོལ་འདི་བོད་པའི་སྤྱི་ཚོགས་ཀྱི་ནང་ལ་སླེབས་ནས་བཟུང་བོད་མི་ཕལ་ཆེ་བ་ལ་ལུས་སེམས་གཉིས་ཀ་ལ་གནོད་པའི་དེང་སང་གི་ཟ་སྟངས་སྐྱོ་བོ་དེ་དང་འབྲེལ་བའི་ནད་གཞི་འམ་ནད་རིགས་དེ་དག་དེང་སང་ཧ་ཅང་གི་མང་རུ་འགྲོ་བཞིན་པ་ང་ཚོའི་དངོས་པོར་མཐོང་ཐོས་ཡོད་པ་དེ་རེད།།

དེང་སང་མི་ཚང་ཕལ་ཆེ་བའི་ནང་ལ་ཁྲག་ཤེད་ཡོད་མཁན་དང་། ཡང་ན་མངར་ནད་ན་མཁན་གཅིག་མེད་པ་དེང་སང་དཀོན་པོ་རེད།།

སྔོན་མ་ཡིན་ན་ནད་གཞི་འདི་ཆང་རག་མང་པོ་འཐུང་མཁན་དང་། ཡང་ན་ལོ་ཧ་ཅང་རྒས་དུས་ན་ཡའི་ནད་རིགས་གཅིག་ཡིན་གྱི་འདུག ཡིན་ན་ཡང་ད་དེང་སང་ལོ་ངོ་ ༢༠ དང ༣༠ བསླེབས་མ་སླེབ་ནས་རྒྱགས་པ་ཆགས་མཁན་མང་རུ་འགྲོ་བ་དང་། མངར་ནད་འདི་ན་མཁན་མང་རུ་འགྲོ་བཞིན་པ་མཁྱེན་གསལ་རེད།།

ད་ཡག་པོ་གཟིགས་དང་། diabetes མངར་ནད་ཙམ་དུ་མ་ཟད་ hypertension ཁྲག་ཤེད་ན་མཁན་མང་རུ་འགྲོ་ཡོད་རེད། Cardiovascular disease སྙིང་ཁམས་དང་ཁྲག་རྩའི་ནད་རིགས་མི་འདྲ་བ་ན་མཁན་མང་རུ་འགྲོ་ཡོད་རེད། ལྷག་པར་དུ་དོ་སྣང་བྱེད་དགོས་ཡ་ལ་ diabetes མངར་ནད་ན་མཁན་གྱི་གྲང་དེ་ཧ་ལས་པ་མང་རུ་འགྲོ་ཡོད་པས་ཟས་བཅུད་དང་འབྲེལ་བའི་འཕྲོད་བསྟེན་སྐོར་ལ་ཐུགས་སྣང་ད་ལྟ་ནས་གནང་ཐུབ་ན་དྲན་ནས་དེའི་སྐོར་འདིར་གཏོང་ཡོད།།

འདི་ལ་དོ་སྣང་གནང་རོགས། འདི་སྔོན་འགོག་ཐུབ་པའི་ནད་གཞི་རེད། ཟས་དང་འབྲེལ་བ་ཡོད་པས་ཟ་སྟངས་བསྒྱུར་ན་ནད་གཞི་འདི་ཡོང་དཀའ་བ་ཡིན།།

ད་ལྟ་ནད་འདི་ཡོད་མཁན་ཚོ་ཡིན་ན་ཡང་སེམས་ཤུགས་རྩ་བ་ནས་མ་ཆགས་རོགས། འདི་ཟས་དང་འབྲེལ་བའི་ནད་གཞི་ཡིན་པས་ཟ་སྟངས་བསྒྱུར་ན་ནད་གཞི་འདི་ཡག་པོ་ལྡོག་ཐུབ་པ་ཡིན།།

More to come...

གཉེན་ཉེ་གྲོགས་ཚོ་ལ་ ketotibet.com འདི་སྟོན་རོགས། འགྲེམས་རོགས། སྐུལ་མ་གཏོང་རོགས། ནད་གཞི་མང་པོ་ལས་སྐྱོབས་རོགས། བཀའ་དྲིན་ཆེ། ཀི་སྤྲོ་རྒྱལ་ལོ།།

དྲྭ་རྒྱ་དང་དྲྭ་ཤོག་འདི་ཚོ་ད་ལྟ་བཟོ་བཀོད་དང་ཕྱོགས་སྒྲིག་བྱེད་མུས་ཡིན་པས་དགོངས་འཇགས་འཚལ།།