KetoTibet Keto ཀི་སྤྲོ་འབྲོག་ཟས?
ketotibet.com

མངར་ནད་བརྟག་དཔྱད་བྱེད་སྟངས།།


མངར་རྫས་མང་བ་ལ་ diabetes མངར་ནད་གཅིན་སྙི་ཞེས་ལབ་པ་ཙམ་ལས་ནད་འདི་ལ་ནད་གཅིག་གི་ངོས་འཛིན་ཡོང་བ་ཁག་པོ་རེད།།

ནད་འདི་ metabolic syndrome ནུས་སྒྱུར་དུས་མའི་འཁྲུག་ནད་དམ་ནད་མང་འཁྲུག་འདུས་ཡིན་པ་ཅིག་ལ་གོ།

དེང་དུས་ཀྱི་རྟག་དཔྱད་བྱེད་སྟངས་དེ་མང་ཆེ་བས་ glucose sugar མངར་རྫས་དེ་མཐོན་པོ་ཡོད་མེད་ལྟ་བ་ཙམ་ལས་ཨིན་སུ་ལིན་མང་ཉུང་ལྟ་གསོལ་ཞེ་དྲག་མེད་པ་རེད་འདུག།

རྟག་དཔྱད་འདི་ཚོ་བྱེད་དུས། མཚན་གང་ཟས་བཅད་བྱེད་ནས་སྔ་དྲོ་ལ་ཡང་ཇ་དང་ཟས་མ་ཟ་བར་སྨྱུང་བར་གནས་པའི་ངང་། ཁྲག་བརྟག་དཔྱད་བྱེད་དགོས།།

གནའ་བོའི་བོད་ཀྱི་འབྲོག་ཟས་ཟ་སྟངས་དང་། དེང་སང་ཚན་རིག་གིས་བཤད་པའི་ཀི་སྤྲོའི་ཟ་སྟངས་དེ་མདོར་བསྡུ་ན་ཁར་སྦོ་མངར་རྫས་ཉུང་བའི་ཟས་ཟ་སྟངས་ཞིག་རེད། ནད་པ་ཚོས་ཟ་སྟངས་འདི་འདྲ་བྱེད་དུས་སྨན་པ་ཚོས་འཕྲོད་བསྟེན་བརྟག་དཔྱད་བྱེད་སྟངས་ཚང་མ་ཤེས་ཀྱི་མ་རེད། བྱས་ཙང་སྨན་པ་ལ་ནད་པས་རོག་བྱེད་དགོས་པ་ཡོང་གི་ཡོད་རེད། རང་གི་སྨན་པ་ལ་སྤྲོད་ཡའི་རྟག་དཔྱད་བྱེད་སྟངས་ཀྱི་ཡིག་ཆ་འདིར་གཟིགས།།

གཅིན་སྙི་འདི་ཡི་སྙིང་རྩ་དང་ཀླད་རྩ་འགོག་པ་ལ་ཉེན་ཁ་ཧ་ཅང་གི་ཆེན་པོ་ཡོད་པས་ advanced lipid studies/panels བྱེད་རོགས་ལབ་དགོས་རེད།།

གཅིན་སྙི་འདི་མཁལ་མ་དང་མཆིན་པ་ལ་ཧ་ཅང་གི་ཉེན་ཁ་ཡོད་པས་ LFTs = Liver Function Tests & Kidney Function Tests མཁལ་མ་དང་མཆིན་པའི་བྱེད་ལས་ཀྱི་བརྟག་དཔྱད་བྱེད་དགོས་པ་གལ་ཆེན་པོ་རེད་འདུག།

དེ་ག་ནང་བཞིན་ homocysteine, fasting insulin, c-peptide, hs-CRP, TSH, adiponectin, electrolytes, vitamin B12, folic acid, vitamin D སོགས་རྟགས་དཔྱད་བྱེད་རོགས་ལབ་དགོས་རེད།།

སྤྱིར་གཏང་འདི་ཚོའི་སྐོར་དེ་སྨན་པ་དང་མཉམ་དུ་གྲོས་བསྡུར་ཁ་གསལ་པོ་བྱེད་ན་ལེགས། འདི་ལ་འཛེམ་བག་རྩ་བ་ནས་གནང་དགོས་ཡ་མེད་རེད། ངོ་ཚ་མཚེར་སྣང་གནང་དགོས་ཡ་ཡོད་མ་རེད། རང་གི་ལུས་དེ་རང་གིས་ལྟ་རྟོག་བྱེད་པ་དེ་རང་ལ་དབང་བ་ཞིག་རེད་ལ་དཔེ་ཡག་པོ་རེད། སྨན་པ་ཡིན་ན་ཡང་སེམས་དགའ་དགོས་ཀྱི་རེད།།

གལ་སྲིད་དེ་ལྟར་མ་བྱེད་ནས་ low-carb doctor ཁར་སྦོ་མངར་རྫས་ཉུང་བའི་ཟས་ཟ་སྟངས་ལ་མཁས་པའི་ཨེམ་ཇེ་ཞིག་ལ་བསྟེན་དགོས་བསམ་ན་འདིར་གཟིགས་རོགས།།

འཕྲོད་བསྟེན་ཡག་པོ་ཡོང་བར་སྨོན།།

ཀི་ཀི་སྤྲོ་སྤྲོ་ཁྱེད་རྒྱལ་ལོ།། །།

More to come...

གཉེན་ཉེ་གྲོགས་ཚོ་ལ་ ketotibet.com འདི་སྟོན་རོགས། འགྲེམས་རོགས། སྐུལ་མ་གཏོང་རོགས། ནད་གཞི་མང་པོ་ལས་སྐྱོབས་རོགས། བཀའ་དྲིན་ཆེ། ཀི་སྤྲོ་རྒྱལ་ལོ།།

དྲྭ་རྒྱ་དང་དྲྭ་ཤོག་འདི་ཚོ་ད་ལྟ་བཟོ་བཀོད་དང་ཕྱོགས་སྒྲིག་བྱེད་མུས་ཡིན་པས་དགོངས་འཇགས་འཚལ།།