KetoTibet Keto ཀི་སྤྲོ་འབྲོག་ཟས?
ketotibet.com

ད་ལྟའི་སྨན་བཅོས་བྱེད་སྟངས།།


དེང་སང་མང་ཆེ་བས་ Type 2 Diabetes མངར་ནད་ཟ་ཁུ་གཅིན་སྙི་རིགས་གཉིས་པ་འདི་བཅོས་ཁུལ་བྱེད་པ་ཙམ་ལས་གསོ་བར་བྱེད་པའམ་ལྡོག་པའི་ཐབས་བྱེད་པ་མིན།།

ལུས་ཁྲག་ནང་ལ་དང་པོ་མངར་རྫས་མང་དྲག་པ་དང་། རྗེས་སུ་ཨིན་སུ་ལིན་དེ་མཐོ་རུ་འགྲོ་དྲག་ནས་མངར་ནད་འདི་གཞི་འཚུགས་འགྲོ་ཡི་ཡོད་པ་རེད། དེས་ན་རྩ་བ་ཐུག་ས་དེ་གོ་རིམ་ལྟར་ན་ཀ་ར་དང་ཁར་སྦོ་མངར་རྫས་ཡོད་པའི་ཟས་རིགས་ཇི་ཙམ་འགོག་ཐུབ་ན་དེ་ཙམ་གྱི་ལུས་ཀྱི་ནང་ལ་གནོད་པ་བྱེད་པའི་མངར་རྫས་ཁྲག་གི་ནང་ལ་རྒྱུག་པ་ཉུང་དུ་འགྲོ་བ་ཡིན། དེའི་ཤུལ་ལ་ཨིན་སུ་ལིན་དེ་ཉུང་རུ་འགྲོ་བ་རང་བཞིན་རེད། ལུས་ཀྱི་ནང་ལ་མངར་རྫས་དང་ཨིན་སུ་ལིན་གཉིས་ཀ་མང་ན་མི་ཡག།

མངར་རྫས་དང་ཨིན་སུ་ལིན་གཉིས་ཀ་ཉུང་རུ་གཏོང་ནས་གང་གནོད་པའི་རྫས་དེ་ལུས་ཀྱི་ནང་ལ་འགྲོ་མ་བཅུག་པ་དེའི་ཕན་ཡོན་ལ་དཔེར་ན་ཚེ་རིང་བ་གནས་ཐུབ་པ་དང་། སྙིང་རྩའི་ནད་དང་། ཀླད་ནད་དང་། དྲན་པ་ཉམས་པའི་ནད་དང་། མིག་ལོང་བའི་ནད་སོགས་རྒྱང་རིང་པོར་འགོག་པ་འམ་ཕྱི་འགྱངས་གཏོང་བའི་ཕན་ཡོན་ཧ་ཅང་ཆེན་པོ་ཡོད།།

འོན་ཀྱང་མང་ཆེ་བས་ཁར་སྦོ་མངར་ཟས་དེ་མུ་འཐུད་ནས་ཟ་བཅུག་པ་དང་། དེ་ལྟར་བྱེད་ན་སྨན་མུ་འཐུད་ནས་གཏང་དགོས་པ་དང་། སྨན་དེ་ཡང་མང་པོ་ཞིག་ལ་ཨིན་སུ་ལིན་གཏང་དགོས་པ་དང་། ག་ལས་ག་ལས་ཨིན་སུ་ལིན་དེ་ཡང་ཇེ་མང་དུ་གཏང་དགོས་པ་དང་། དེའི་རྐྱེན་གྱིས་མངར་ནད་ངོས་འཛིན་སྐབས་སུ་བཤད་པའི་ཨིན་སུ་ལིན་དང་འབྲེལ་བའི་ནད་རིགས་སྣ་ཚོགས་འཁྲིད་ཡོང་བ་དང་། དེ་དག་སྡུག་རུ་འགྲོ་བ་དང་། མཐའ་མར་ཚེ་ཐུང་ཞིང་གསོན་པའི་རིང་ལ་ཁམས་མི་བདེ་བ་དང་སྨན་འགྲོ་ཆེ་བའི་ངང་སྡོད་དགོས་ཐུག་དགོས་པ་སོགས་ཀྱི་སྐྱོན་དུ་མ་ཡོད།།

མངར་ནད་བཅོས་ཐབས་ཀྱི་གནས་ཚུལ་འདིར་རོབ་ཙམ་བརྗོད་པས་ཤེས་ཡོན་བྱུང་བ་ལ་ཕན་ཐོགས་ཡོད་རེ་ཆེ།།

མངར་ནད་འདིའི་ངོས་འཛིན་རྒྱས་ཙམ་གཟིགས་འདོད་ན་འདིར་གནོན་རོགས།།

རྒྱས་པར་གོང་དུ་ཞུས་པའི་སྐོར་གྱི་ཡིག་ཆ་འགའ་འདིར་ཡོད་པས་་་ཞིབ་ཆ་གཟིགས་པ་ལ་་་སྤྲོ་བ་ཡོད་མཁན་ཚོ་་་ངེས་པར་དུ་གཟིགས་རོགས་ཞུ།།

More to come...

གཉེན་ཉེ་གྲོགས་ཚོ་ལ་ ketotibet.com འདི་སྟོན་རོགས། འགྲེམས་རོགས། སྐུལ་མ་གཏོང་རོགས། ནད་གཞི་མང་པོ་ལས་སྐྱོབས་རོགས། བཀའ་དྲིན་ཆེ། ཀི་སྤྲོ་རྒྱལ་ལོ།།

དྲྭ་རྒྱ་དང་དྲྭ་ཤོག་འདི་ཚོ་ད་ལྟ་བཟོ་བཀོད་དང་ཕྱོགས་སྒྲིག་བྱེད་མུས་ཡིན་པས་དགོངས་འཇགས་འཚལ།།