KetoTibet Keto ཀི་སྤྲོ་འབྲོག་ཟས?
ketotibet.com

ཁྲག་ཤེད་དངཚྭ་

Hypertension & Salt


ཚྭ་དེ་ Mineral རྡོ་རྫས་སམ་གཏེར་རྫས་ཞིག་རེད། ཚྭ་ལ་ཆ་ཤས་གཉིས་ཡོད་པ་ལས་གཅིག sodium སོ་ཌི་ཡམ་་་བུལ་རྫས་དང་། གཅིག་ཤོས་དེ་ chloride ཁུ་ལོ་རའིཌ་་་ཚྭ་རླུང་གྱེས་རྡུལ་དེ་རེད།།

ཁྲག་ཤེད་ཡོད་མཁན་ལ་དུས་རྒྱུན་འཛེམ་དགོས་རེད་ཟེར་ཡ་དེ་ sodium སོ་ཌི་ཡམ་་་བུལ་རྫས་ཀྱི་ཆ་དེ་རེད།།

ཚྭ་དེ་མིའི་ལུས་ཁམས་འཚོ་བ་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་གྱི་འདུག།

ཚྭ་དེ་ muscle མ་སལ་་་ཤ་སྣག་ཤ་སྒྲིམ་དང་ nerve function དབང་རྩའི་བྱེད་ལས་ལ་དགོས་པ་དང་། ཁྲག་གི་ནང་དུ་ minerals མིནེརལ་་་རྡོ་རྫས་སམ་གཏེར་རྫས་རིགས་དང་ཆུ་གཉིས་འཁོད་སྙོམས་བྱེད་པ་དང་། ཁྲག་ཤེད་དང་། ནུས་པ་ཐོན་བསྐྱེད་དང་། ཟས་བཅུད་འཐིམ་པ་དང་འཇུ་བ་ལ་དགོས་པ་ཡིན།།

ཞིབ་འཇུག་ཡིག་ཆའི་ནང་དུ་ཚྭ་དེ་ཉུང་ཉུང་ཟ་བ་ཡིན་ན་སྙིང་ནད་དང་། ཁྲག་ཞག་གམ་མཁྲིས་ཞག་དང་། རྒྱུ་མང་ཤི་གྲངས་འཕེལ་བའི་སྐོར་བརྗོད་འདུག།

མདོར་དོན་ཁྲག་ཤད་ཀྱི་ནད་རྟགས་ཡོད་མེད་ལ་མ་ལྟོས་པར་ཚྭ་དེ་ཉུང་དྲག་པ་ལས་མང་ཙམ་ཟ་བའམ་མི་ཉུང་བ་ཟ་ན་ཚེ་སྲིང་བ་ལ་ཕན་གྱིས་ཡོད་ཅེས་བརྗོད་འདུག།

ཁྲག་ཞག་སྐབས་སུ་ཞུས་པ་བཞིན། དང་པོ་རང་གི་ལུས་དེ་ལ་ཚྭ་མང་ཉུང་ཏག་ཏག་ཇི་ཙམ་དགོས་པ་ཤེས་གལ་ཆེ།། རྒྱས་པ་འདིར་གཟིགས།།

More to come...

གཉེན་ཉེ་གྲོགས་ཚོ་ལ་ ketotibet.com འདི་སྟོན་རོགས། འགྲེམས་རོགས། སྐུལ་མ་གཏོང་རོགས། ནད་གཞི་མང་པོ་ལས་སྐྱོབས་རོགས། བཀའ་དྲིན་ཆེ། ཀི་སྤྲོ་རྒྱལ་ལོ།།

དྲྭ་རྒྱ་དང་དྲྭ་ཤོག་འདི་ཚོ་ད་ལྟ་བཟོ་བཀོད་དང་ཕྱོགས་སྒྲིག་བྱེད་མུས་ཡིན་པས་དགོངས་འཇགས་འཚལ།།