KetoTibet Keto ཀི་སྤྲོ་འབྲོག་ཟས?
ketotibet.com


DIET

Tibetans thrived with low-carb diet for thousands of years in the most inhabitable human conditions with flying colours. Modern day ketogenic diet is identical to what the Tibetan nomadic people traditionally ate - a very low-carb high-fat ASF diet.

ང་ཚོ་གནའ་བོའི་བོད་ཀྱི་འབྲོག་པའི་ཟས་ཟ་སྟངས་འདི་ལས་ལྷག་པ་ས་སྟེང་འདི་ལ་མིའི་ཁམས་ཟས་ཡོད་མ་རེད་ཟེར་ན་རིགས་ཞེན་ཆེ་བའི་ཧམ་བཤད་མིན་འགྲོ་བསམ་པ་ཡོད་རེད། ཡིན་ན་ཡང་རྒྱུ་མཚན་དང་མི་ལྡན་པའི་སྐད་ཆ་རེད་མི་འདུག གང་ཡིན་ཟེར་ན་་་གནའ་བོའི་འབྲོག་ཟས་འདི་ཡིས་མི་ཡི་ལུས་པོ་དེ་གསོན་པོར་འཚོ་བའི་བྱེད་ལས་ཙམ་ལས་མིན་པར་་་ནད་གཞི་མང་པོ་སྔོན་འགོག་བྱེད་ཐུབ་པ་དང་། metabolic syndrome ནུས་སྒྱུར་འཁྲུག་ནད་་་དམ་་་མཉམ་འདུས་ནད་གཞི་་་དེ་ཚོ་ན་བ་ཡིན་ན་ཡང་། ནད་ཕལ་ཆེ་བ་ལ་འབྲོག་ཟས་འདི་ཡིས་མ་གནོད་པ་མ་ཟད་ནད་གཞི་ཕལ་ཆེ་བ་ལ་ཕན་པ་དང་། ལུས་ཁམས་སེམས་ཁམས་གཉིས་ཀ་ལ་ཕན་པའི་ཁམས་ཟས་ཁྱད་པར་ཅན་ཞིག་རེད་འདུག།

གནའ་བོའི་བོད་ཀྱི་འབྲོག་པའི་ཟ་སྟངས་དང་། དེང་སང་ཚན་རིག་པས་བཤད་པའི་ ketogenic diet ཀི་སྤྲོ་ཟ་སྟངས་གཉིས་གཅིག་པ་རེད་འདུག ཟ་སྟངས་འདི་ལ་གཙོ་བོ་ཤ་རིག་སྣ་ཚོགས་དང་། ཤ་ཚོན་པོ་ཚིལ་ཅན་དང་། མར་དང་ཕྱུ་ར་སྣ་ཚོགས་དང་། ཁམས་ལ་བཟང་བའི་ཞག་རིགས་དེ་ཚོ་ཟ་ན་ལུས་སེམས་གཉིས་ལ་བདེ་པོ་ཡོད་རེད་ཅེས་སྨན་ལ་མཁས་པའི་ཚན་རིགས་པ་ཚོས་བཤད་པའི་སྒྲུབ་བྱེད་དང་ལྡན་པའི་ཡིག་ཆ་ཁ་ཤས་འདིར་ཡོད།།

ལུས་ཁམས་བདེ་པོ་ཡོང་བ་ལ་སྔོ་ལྡུམ་གྱི་ཟས་ཟ་དགོས་པའི་ངེས་པ་མེད་པ་དང་། ལྷག་པར་དུ་ཤིང་ཏོག་གི་རིགས་དེ་ནད་གཞི་མང་པོ་ལ་གནོད་པའི་ཟས་ཁོང་གཅིག་ལ་ངོས་འཛིན་བྱེད་ཀྱིས་འདུག འདིའི་སྐོར་རྗེས་ལ་གཏང་ཡོང་།།

བོད་ལ་གནའ་དུས་སུ་འགྲོ་བ་མི་ཚོས་ཟ་སྟངས་གཅིག་པུ་མ་ཡིན་པར། བོད་ལ་ཡོད་པའི་དུད་འགྲོ་ཚོའི་ཟས་ཀྱང་ཧ་ཅང་གི་རྩ་གཙང་མ་དང་། གང་ཆུ་གཙང་མ་དང་། རྩི་ཤིང་ནག་ཚལ་དང་། ལ་དང་ལུང་པ་ག་བ་ཕྱིན་ན་ཡང་འཁོར་ཡུག་གཙང་མ་ཡོད་པས་དུད་འགྲོ་དེ་ཚོའི་ཤ་དང་མར་དང་ཕྱུར་ར་དེ་ཚོ་ཟ་དུས་ལུས་ལ་ཧ་ཅང་གི་བདེ་པོ་དང་ཁམས་བཟང་བ་ལ་ཕན་གྱིས་ཡོད་འདུག དེང་སང་གི་བཤད་སྟངས་བྱེད་ན་ organic དང་། pasture-raised དང་། grass-fed དང་། free-range དང་། NON GMO ལ་སོགས་པ་རེད།།

དེང་དུས་ཀྱི་ནད་རིགས་ཕལ་ཆེ་བ་ཟས་ཟ་སྟངས་དང་མི་ཚེ་སྤྱོད་སྟངས་དང་འབྲེལ་བའི་ནད་རིགས་ཡིན་གྱི་འདུག དཔེར་ན་ type 2 diabetes མངར་ནད་གཅིན་སྙི་རིགས་གཉིས་པ་དང་། hypertension ཁྲག་ཤེད་མཐོན་པོ་དང་། GERD = Gastroesophageal

Reflux Disease ཕོ་བའི་ནད་རིགས་(སྐྱུར་རྫས་སྐྱུག་པ་)དང་། heart attack སྙིང་རྩ་འགས་པའི་ནད་དང་། stroke ཀླད་རྩ་འགས་པའི་ནད་དང་། arthritis གྲུ་འབུམ་གྱི་ནད་རིགས་ཁ་ཤས་(ལྷུ་ཚིགས་ལ་ཟུག་རྔུ་དྲག་པོ་སྤྲོད་པ་ལྟ་བུ་)དང་། PCOS - Polycystic Ovary Syndrome (སྐྱེ་འཕེལ་དབང་པོ་ལ་སྐྲན་དུ་མ་འདུས་པའི་ནད)སྐྱེས་མོ་ཁ་ཤས་ལ་ཕྲུ་གུ་འཁོར་མ་ཐུབ་པ་བྱུང་བ་ལ་སོགས་ཀྱི་ནད་གཞི་མང་པོ་ཞིག་མདོར་ན་མངར་ཟས་དང་བྲོ་རིགས་ཟ་དྲགས་ནས་ཡོང་གིས་ཡོད་འདུག།

ད་དགེ་བ་ཡོད་་་ཆོ་མེད་དེ་འདྲ་་་ཁོ་རེ་་་དངོས་གནས་ཧམ་བཤད་མ་བྱེད་ཨ།།

ཡ་ཡ་ཡ་་་ཁག་མེད། དེང་དུས་ཀྱི་སྨན་པ་ཚོ་ཡིན་ན་ཡང་ཕལ་ཆེ་བས་འདི་ག་རང་བསམ་གྱིས་ཡོད་རེད།།

ཁོ་ཚོའི་སྦྱོང་བརྡར་གཙོ་བོ་དེ་ pharmaceutical companies སྨན་སྦྱོར་ཚོགས་པས་བཟོས་པའི་ drugs སྨན་རྫས་དེ་ཚོའི་ prescription སྨན་ཡིག་སྤྲོད་སྟངས་དེ་རེད་འདུག།

ཟས་འཛེམས་སྟངས་དང་། ཕན་གནོད་ཀྱི་ཟས་གང་ཡིན་མིན་སྐོར་དང་། ནད་གཞི་དེ་ཚོ་རང་བཞིན་གྱིས་སྔོན་འགོག་ཇི་ལྟར་དགོས་པ་དང་། བཅོས་པའི་སྐོར་ལ་སློབས་འཁྲིད་ཧ་ལམ་ཡོད་མ་རེད་ཅེས་སྲིད་དངཚོང་གཉིས་ཀྱི་དྲི་མ་དང་མུན་ནག་ལས་གྲལ་ནས་གཉིད་སད་པའི་སྨན་ལ་མཁས་པ་ཁོ་རང་ཚོ་རང་གིས་བཤད་ཀྱིས་འདུག།

བྱས་ཙང་སྨན་པ་མང་ཆེ་བ་ལ་ཁག་ཡོད་ས་མ་རེད། ཁོ་ཚོ་བསམ་པ་རྣམ་དག་རེད། ཡིན་ན་ཡང་ཟས་བཅུད་རིགས་པའི་སྦྱོང་བརྡར་མེད་ན་ཟས་ཟ་སྟངས་ཀྱི་ཐོག་ནས་ནད་རིགས་སྔོན་འགོག་བྱེད་སྟངས་དང་། ནད་ན་བ་ཡིན་ན་ཡང་ཟས་ཀྱི་ཐོག་ནས་ནད་བཅོས་ཐབས་བྱེད་མ་ཤེས་པ་རེད།།

ཁུངས་སྐྱེལ་སྒྲུབ་བྱེད་ལ་ཁུངས་ལྡན་ཚན་རིག་གི་ཡིག་ཆ་འདིར་གཟིགས་རོགས།

More to come...


ketotibet.com


Prevent Diabetes through traditional Tibetan nomadic diet:

called the low-carb ketogenic diet.

ད་ལྟ་ diabetes གཅིན་སྙིའི་ནད་རྟགས་ཟིན་མེད་ནཿ


གྲོ་རིག་མང་པོ་ཟ་བ་དེ་སྤོང།།

ཤ་རྒྱག་རུ་འགྲོ་ཡོད་ན་གྲོ་རིག་རྦད་དེ་སྤོང།།

Carbohydrate ཁར་སྦོ་མངར་རྫས་ཉུང་རུ་གཏོང་།།

ཤིང་ཐོག་སྤོང། མཆིན་པ་ལ་གནོད་པའི་དུག་རྫས་རྫབ་ཆེན་དེ་འདི་ལ་ཡོད།།

ཀ་རའི་རིགས་ཚང་མ་རྦད་དེ་སྤོང་།།

Diabetes གཅིན་སྙི་མ་ན་སྔོན་ནས་ཙམ་པ་དེ་སྤོང་བའམ་ཉུང་རུ་གཏོང་།།

Hypertension ཁྲག་ཤེད་མ་ན་སྔོན་ནས་ཙམ་པ་དེ་ཉུང་རུ་གཏོང་།།

Fatty Liver Disease ཚིལ་ཅན་མཆིན་ནད་མ་ན་སྔོན་ནས་ཙམ་པ་དེ་སྤོང་བའམ་ཉུང་རུ་གཏོང་།།

ཙམ་པ་དེ་བོད་ཟས་དང་འབྲེལ་ཆེ་བའི་རྒྱུ་མཚན་གྱིས་ཟུར་དུ་བརྗོད་པ་ལས། འབྲུ་རིགས་ནས་བྱུང་བའི་ཟས་ཚང་མ་སྤོངས་པ་ཡིན་ན་ carbohydrate ཁར་སྦོ་མངར་རྫས་དང་འབྲེལ་བའི་ནད་རིགས་དག་སྔོན་འགོག་བྱེད་ཐུབ་པ་གཅིག་པ་གཅིག་རྐྱང་ཡིན།།

ད་འོ་ན་ག་རེ་ཟ་དགོས་རེད?

གནའ་བོའི་བོད་ཀྱི་འབྲོག་པའི་ཟས་ཟ་སྟངས་འདི་ལས་ལྷག་པ་ས་སྟེང་འདི་ལ་མིའི་ཁམས་ཟས་མེད། དེས་ནཿ

ཤ་ཟོ། མར་ཟོ། གཞན་ཡང་ཕྱུར་བ་དང་ཁ་སྤྲི་དང་ཞོ་ལ་སོགས་པའི་ཟས་དག་ནུས་ཆེན་ཡིན་པ་ཙམ་དུ་མ་ཟད་དེ་ཚོ་ཧ་ཅང་གི་བཅུད་ལྡན་ཡིན།།

Very nutritious!

More to come...


ketotibet.com


Reverse Diabetes through traditional low-carb Tibetan nomadic diet: called the low-carb ketogenic diet.

འདས་ད་ལྟ་གཉིས་ཀ་ལ diabetes གཅིན་སྙིའི་ནད་རྟགས་ཟིན་ཡོད་ནཿ


གྲོ་རིག་རྦད་དེ་སྤོང།།

Carbohydrate ཁར་སྦོ་མངར་རྫས་ཧ་ཅང་གི་ཉུང་རུ་གཏོང་།།

ཤིང་ཐོག་སྤོང། མཆིན་པ་ལ་གནོད་པའི་དུག་རྫས་རྫབ་ཆེན་དེ་འདི་ལ་ཡོད།།

ཀ་རའི་རིགས་ཚང་མ་རྦད་དེ་སྤོང་།།

Diabetes ཡོད་མཁན་ཚོས་ཙམ་པ་དེ་སྤོང་།།

Hypertension ཁྲག་ཤེད་ཡོད་མཁན་ཚོས་ཙམ་པ་དེ་སྤོང་།།

Fatty Liver Disease ཚིལ་ཅན་མཆིན་ནད་དེ་ diabetics གཅིན་སྙིའི་ནད་པ་ལ་ཡོད་པས་ངེས་པར་དུ་ཙམ་པ་དེ་སྤོང་།།

ཙམ་པ་དེ་བོད་ཟས་དང་འབྲེལ་ཆེ་བའི་རྒྱུ་མཚན་གྱིས་ཟུར་དུ་བརྗོད་པ་ལས། འབྲུ་རིགས་ནས་བྱུང་བའི་ཟས་ཚང་མ་སྤོངས་པ་ཡིན་ན་ carbohydrate ཁར་སྦོ་མངར་རྫས་དང་འབྲེལ་བའི་ནད་རིགས་དག་མང་པོ་ཞིག་ལ་སྔོན་འགོག་བྱེད་ཐུབ་པ་གཅིག་པ་གཅིག་རྐྱང་ཡིན།།

ད་འོ་ན་ག་རེ་ཟ་དགོས་རེད?

གནའ་བོའི་བོད་ཀྱི་འབྲོག་པའི་ཟས་ཟ་སྟངས་འདི་ལས་ལྷག་པ་ས་སྟེང་འདི་ནར་མི་ལ་དགོས་པའི་བཅུད་ལྡན་གྱི་ཁམས་ཟས་མེད། དེས་ནཿ

ཤ་ཟོ། མར་ཟོ། གཞན་ཡང་ཕྱུར་བ་དང་ཁ་སྤྲི་དང་ཞོ་ལ་སོགས་པའི་ཟས་དག་ལ་ནུས་པ་ཡོད་པ་ཙམ་དུ་མ་ཟད་གཙོ་བོ་ཟས་དེ་ཚོ་ཧ་ཅང་གི་བཅུད་ལྡན་ཡིན།།

Very nutritious!

More to come...

Seek professional help

This website is intended to share information on a low carb healthy lifestyle, but is NOT PERSONAL MEDICAL ADVICE.
Please seek personal medical advice from your healthcare professionals or click here to find a low-carb doctor near you.

གཉེན་ཉེ་གྲོགས་ཚོ་ལ་ ketotibet.com འདི་སྟོན་རོགས། འགྲེམས་རོགས། སྐུལ་མ་གཏོང་རོགས། ནད་གཞི་མང་པོ་ལས་སྐྱོབས་རོགས། བཀའ་དྲིན་ཆེ། ཀི་སྤྲོ་རྒྱལ་ལོ།།

དྲྭ་རྒྱ་དང་དྲྭ་ཤོག་འདི་ཚོ་ད་ལྟ་བཟོ་བཀོད་དང་ཕྱོགས་སྒྲིག་བྱེད་མུས་ཡིན་པས་དགོངས་འཇགས་འཚལ།།