KetoTibet
HOME - འགོ་ཤོག
Keto - འབྲོག་ཟས་
Keto - འབྲོགས་ཟས་ཅི་ཡིན་
Keto Benefits - འབྲོག་ཟས་ཕན་ཡོན་
DIABETES - མངར་ནད་
མངར་ནད་སྐོར
མངར་ནད་ངོས་འཛིན་
ཟས་བཅུད་
ད་ལྟའི་བཅོས་སྟངས་
བརྟག་དཔྱད་
HEART - སྙིང་
Cholesterol - མཁྲིས་ཞག
Salt - ཁྲག་ཤེད་དང་ཚྭ
Diet - ཟས་སྤྱོད་
Obesity - རྒྱགས་པ་
Fasting - སྨྱུང་གནས་
SOURCE - ཡིག་མཛོད་
SCIENCE - ཚན་རིག
VIDEOS - བརྙན་འཕྲིན་
FIND A DOCTOR - སྨན་པ་འཚོལ་
The Compiler - ཕྱོགས་སྒྲིག་པ་
Snippets - ཙག་ཙིག་ཆིག་ལབ་
Keto ཀི་སྤྲོ་འབྲོག་ཟས?
ketotibet.com
༑ མངར་ནད་ DIABETES འཕྲོད་བསྟེན་སྐོར་རོབ་བྲིས།
Reverse diabetes through traditional Tibetan nomadic diet. It is possible.
ད་འདས་པའི་བཅུ་ཕྲག་ཁ་ཤས་རིང་གི་ནང་ལ། གཞིས་བྱེས་གཉིས་ཀ་ལ་ཡོད་པའི་བོད་རིགས་ཕོན་ཆེན་པོ་ཞིག ཁྱབ་རྡལ་ཆེ་ཤོས་ཡོད་པའི་དེང་དུས་ཀྱི་ནད་རིགས་མང་པོ་དེ་ཚོ་ན་བཞིན་པ་མཁྱེན་གསལ་རེད།།
World Health Organisation
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཡིག་ཆའི་ནང་ལྟར་བྱེད་ན་ ༢༠༡༩ ལོ་ལ་ནད་འདི་ན་ནས་ཐད་ཀར་མི་འབུམ་ ༡༥ ཙམ་ཤི་ཡོད་པ་དང་།
International Diabetes Federation
རྒྱལ་སྤྱི་མངར་ནད་ཚོགས་པས་འགོད་ཐོ་ལྟར་བྱེད་ན་མངར་ནད་ན་མཁན་ད་ཆ་འབུམ་ ༥༣༧ ཡོད་པ་དང་། སྐར་ཆ་ལྔ་རེའི་ནང་མི་རེར་མངར་ནད་ཀྱིས་ཤི་བ་དང་། ༢༠༢༡ ལོ་ལ་མངར་ནད་ན་ནས་མི་འབུམ་ ༦༧ ཤི་ཡོད་པ་དང་། ཡོང་འབབ་ཐོན་སྐྱེད་ཆུང་བའི་རྒྱལ་ཁབ་དག་གི་ནང་ལ་མི་བཞིའི་ནང་ནས་གསུམ་ལ་ནད་ངན་འདི་ཡོད་པ་བརྗོད་འདུག།
འདི་དང་ལྟོས་ན་ཏོག
་དབྱིབས་གཉན་རིམས་ COVID-19 Pandemic ལོ་གཉིས་ཀྱི་ནང་ལ་མི་འབུམ་ ༦ ལྷག་ཙམ་ཤི་ཡོད་རེད། འགོག་སྨན་ vaccine བཟོས་ཚར་བ་རེད། ཡིན་ན་ཡང་མངར་ནད་འདི་ལ་འགོག་སྨན་ད་དུང་ཡང་བཟོས་མེད་པ་གང་ཡིན་ནམ? དེ་ཡིན་དུས་ངོ་མ་ཡག་པོ་གཟིགས་ན་ pandemic ཀུན་ཁྱབ་ནད་ཡམས་ངོ་མ་དེ་ diabetes རེད་མི་འདུག་གམ? དགོངས་པ་བཞེས་དང་།།
ནད་རིགས་འདི་ཚོ་སྤྱི་ཚོགས་རྙིང་པའི་དུས་སུ་ཧ་ཅང་གི་དཀོན་པོ་ཡིན་གྱིས་འདུག།
བོད་མི་རིག་གི་སྤྱི་ཚོགས་ཀྱི་ནང་ལ་ཆ་མཚོན་ན་དེང་སང་གི་ཟ་སྟངས་ཐུང་སྟངས་ལུགས་སྲོལ་འདི་མ་དར་བའི་སྔོན་ལ་བོད་མི་ཕལ་ཆེ་བ་ལ་ལུས་སེམས་གཉིས་ཀ་ལ་གནོད་པའི་དེང་སང་གི་ཟ་སྟངས་སྐྱོ་བོ་དེ་དང་འབྲེལ་བའི་ནད་གཞི་དེ་ཚོ་ཧ་ལམ་མེད་པ་དང་། ནད་རིགས་དེ་ཚོ་ཡང་དེང་སང་ཧ་ཅང་གི་མང་རུ་འགྲོ་བཞིན་པ་ང་ཚོའི་དངོས་པོར་མཐོང་ཐོས་ཡོད་པ་དེ་རེད།།
ལོ་ཧ་ཅང་རྒས་དུས་ན་ཡའི་ནད་རིགས་དེ་ཚོ་དེང་སང་ལོ་ངོ་ ༢༠ དང ༣༠ བསླེབས་མ་སླེབ་ནས་ན་མཁན་མང་རུ་འགྲོ་བཞིན་པ་མཁྱེན་མཁྱེན་པ་རེད། ད་ཡག་པོ་གཟིགས་དང་།
hypertension
ཁྲག་ཤེད་
ན་མཁན་མང་རུ་འགྲོ་ཡོད་རེད།
cardiovascular disease
སྙིང་ཁམས་དང་ཁྲག་རྩའི་ནད་
ན་མཁན་མང་རུ་འགྲོ་ཡོད་རེད། ལྷག་པར་དུ་དོ་སྣང་བྱེད་དགོས་ཡ་ལ་ཀ་རའི་ནད་ d
iabetes
ན་མཁན་མང་རུ་འགྲོ་ཡོད་རེད།།
Diabetes དེ་མི་ཚེ་སྤྱོད་ཚུལ་ (lifestyle) དང་། བཟའ་བཏུང་དང་འབྲེལ་བའི་ (dietary) ནད་རིགས་གཅིག་རེད་འདུག།
ནད་འདིའི་མིང་རྒྱས་པ་ལ Diabetes Mellitus ཟེར། ཚིག་གི་འབྱུང་ཁུངས་ Greek རེད་འདུག།
Diabetes ཚིག་གི་དོན་དེ་དབྱིན་སྐད་ལ siphon ཡིན།། Mellitus ཚིག་གི་དོན་དེ་དབྱིན་སྐད་ལ་ sweet རེད།།
བྱས་ཙང་རོབ་སྒྱུར་བྱེད་ན་ “མངར་མོ་འདྲེན་པའམ་འདོན་པ་” ལ་གོ་བ་ཡིན།།
སྔོན་དུས་སུ་ལྷ་རྗེ་ཚོས་་་ནད་པའི་གཅིན་པ་དེ་མངར་མོ་ཡོད་ན་་་ནད་འདི་་་ནད་ངོས་བཟུང་ཐུབ་པས་་་ནད་འདིའི་མིང་འདོགས་ཚུལ་ལམ་་་ཐོབ་ཚུལ་འདི་འདྲ་རེད་འདུག།
ལུས་པོའི་ཁྲག་གི་ནང་ལ་ཀ་ར་འམ་་་མངར་རྫས་ glucose མང་པོ་རྒྱུག་པ་དང་། glucose ཚད་རིམ་དེ་་་རྒྱུན་ལྡན་ལས་་་མཐོ་བ་ཡོད་པའི་ནད་དེ་ diabetes ཡིན་པ་ལ་་་སྨན་གྱི་མཁས་པ་ཕལ་ཆེ་བ་་་མཐུན་གྱིས་ཡོད་རེད།།
Diabetes དེ་རྙོག་འཛིངས་མང་བའི་ནད་ཆེན་དུ་མ་་་འཁྲིད་ཡོང་བའི་བཅོས་མེད་ཀྱི་ནད་རྫབ་ཆེན་གཅིག་རེད་ཟེར་གྱི་ཡོད་རེད། འདི་ལས་རྙོག་འཛིངས་མང་བའི་ནད་ཆེན་ཧ་ལམ་མེད་པ་རེད། ཉོན་མོངས་ལྟ་བུ་ལ་མཚོན་ན་འདི་ཧ་ལམ་གཏི་མུག་དང་འདྲ།།
ཀ་ར་དང་འབྲེལ་བའི་་་ཟས་སྣ་མང་པོ་ཟ་ན་་་ཀ་རའི་ནད་དམ་་་གཅིན་སྙི་ diabetes འདི་ན་ཡོང་གི་ཡོད་པ་མང་པོས་ཤེས་ཀྱི་ཡོད་རེད།། ཡིན་ན་ཡང་གཤམ་གྱི་
ཚིག་གྲུབ་དམར་པོ་འདི་ངེས་པར་དུ་གཟིགས་རོགས།།
འདི་་་ཤེས་མཁན་དཀོན་པོ་འདུག བྱས་ཙང་ཡིག་ཆ་འདི་ཆ་ཚང་ཀློག་མ་ཐུབ་ན་ཚིག་གྲུབ་འདི་ངེས་པར་དུ་གཟིགས་རོགས།།
དཔེར་ན་རྒྱ་གར་གྱི་ཇའི་ནང་ལ་བླུག་པའི་བྱེ་མ་ཀ་ར་དང་་་ང་ཚོའི་ཙམ་པ་(ནས་ཞིབས)གཉིས་ཕྱི་ནས་ལྟ་དུས་ཁ་ཁ་ཡིན་ན་ཡང་། དེ་གཉིས་ཁོག་པའི་ནང་དུ་སླེབས་ནས་་་འཇུ་ཚར་བའི་རྗེས་སུ་་་
དེ་གཉིས་ཀ་་་མངར་རྫས་ཀ་ར་ལ་འགྱུར་བ་་་གཅིག་པ་རེད་འདུག།
དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་རེད་ཟེར་ན་ཆོག།
Diabetes འདིའི་རྐྱེན་གྱིས་་་ནད་རིགས་མང་པོ་འཁྲིད་ཡོང་གིས་ཡོད་པས་་་ལུས་ཀྱི་ཁྲག་གི་ནང་ལ་རྒྱུག་པའི་ཀ་ར་དེ་ཚོ་་་མཆིན་པས་་་ཚིལ་ལ་བསྒྱུར་ནས་་་ཚིལ་ཁང་ fat cells གི་ནང་དུ་་་མ་འོངས་པར་་་བེད་སྤྱོད་བྱ་རུང་བའི་ནུས་པའམ་སྣུམ་ fuel གཅིག་ལ་བསྒྱུར་ནས་་་ insulin ཨིན་སུ་ལིན་གྱིས་ཚིལ་ཁང་གི་ནང་དུ་ཉར་འཚག་བྱེད་ཀྱི་ཡོད་རེད།།
Insulin ཨིན་སུ་ལིན་གྱི་བྱེད་ལས་ནི་ཁྲག་གི་ནང་ལ་ཡོད་པའི་ glucose མངར་རྫས་ཀ་ར་དག་མགོ་གནོན་བྱེད་པའམ་ཚད་ཏག་ཏག་བཞག་པའི་ལས་ཀ་བྱེད་མཁན་གྱི་ hormone ཧོར་མཽན་རེད། ལུས་ཀྱི་ནང་ལ་མངར་རྫས་དེ་ག་ཚོད་མང་རུ་འགྲོ་ན་དེ་ཙམ་གྱི་ཨིན་སུ་ལིན་དེ་མང་རུ་འགྲོ་ཡིས་ཡོད་རེད། ཡིན་ན་ཡང་གཉེན་པོ་དང་འདྲ་བའི་ཨིན་སུ་ལིན་དེ་ལུས་ཀྱི་ནང་ལ་མང་དྲག་ན་དེས་རྐྱེན་བྱེད་ནས་རྒྱག་ནད་སོགས་མང་པོ་ཡོང་གི་ཡོད་རེད། དཔེར་ན་བློ་སྦྱོང་གི་སྐབས་སུ་གཉེན་པོ་ཁོ་རང་སྤང་བྱར་འགྲོ་བ་གསུངས་པ་ནང་བཞིན་རེད་འདུག།
སྤྱིར་་་མིའི་ལུས་ལ་་་ཚིལ་ཁང་་་ཐེར་འབུམ་ billion ༢༥ དང ༣༥ གཉིས་ཀྱི་བར་ཡོད།།
མིའི་སྤྱི་ཚོགས་ནང་་་ཟས་ཆེན་དེ་ལ་གཙོ་བོ་གསུམ་རེདཿ
* carbohydrate
* protein
* fat
རག་པ་འདི་གསུམ་ལས་ carbohydrate དེ་ཕོན་ཆེ་ཤོས་ཡོད་རེད།།
བྱས་ཙང་ carbohydrate མང་པོ་ཡོད་པའི་ཟས་རིགས་ཇི་ཙམ་མང་བ་ཟ་ན་་་དེ་དང་འབྲེལ་བའི་ནད་་་གཅིན་སྙི། མཁལ་ནད། མཆིན་ནད། དྲན་པ་ཉམས་པ། ཁྲག་ཤེད་ལ་སོགས་པ་ཇེ་མང་དུ་འགྲོའི་ཡོད་རེད།།
མ་ཟད་་་ཨ་རག་འཐུང་མཁན་ལ་བྱུང་བའི་མཆིན་ནད་དང་། ཤིང་ཏོག་གི་མངར་ཆ་ཀ་ར་ fructose ཕོན་ཆེན་པོ་བཟའ་བཏུང་བྱེད་པའམ། འབྲུ་རིགས་ལས་བྱུང་བའི་ཟས་སྣ་ཕོན་ཆེན་པོ་ཟ་མཁན་གཉིས་ཀ་ལ་་་ནད་གཅིག་པ་ན་བ་ཡིན། ནད་དེའི་་་ཐུན་མོང་གི་མིང་ལ་་་ fatty liver ཚིལ་ཅན་མཆིན་པ་རེད།།
འགོ་སྟོད་ལ་ཞུས་པ་ནང་བཞིན་གཤམ་གྱི་
ཚིག་གྲུབ་དམར་པོ་འདི་ངེས་པར་དུ་གཟིགས་རོགས།།
འདི་ཤེས་མཁན་དཀོན་པོ་འདུག བྱས་ཙང་ཡིག་ཆ་འདི་ཆ་ཚང་ཀློག་མ་ཐུབ་ན་ཚིག་གྲུབ་འདི་ངེས་པར་དུ་གཟིགས་རོགས།།
ཆང་རག་འཐུང་མཁན་དང་་་བྲོ་རིགས་དང་ཤིང་ཐོག་རིགས་ཕོན་ཆེན་ཟ་མཁན་གཉིས་ཀྱི་་་ནད་གཞི་གཅིག་པ་རེད་ཟེར་ན་འགྲིག་པ་རེད།།
འདི་ཧ་ལས་པའི་རྟེན་འབྲེལ་གཅིག་རེད་འདུག།
ལུས་ཁམས་་་བདེ་བར་འཚོ་བ་ལ་་་སྤྱིར་་་བཅུད་་་ཕྲ་རག་གཉིས་ཀ་དགོས་པ་ཡིན།།
Diabetic
ནད་པ་ཚོ་ལ་ནད་འདིས་རྐྱེན་གྱིས་ཕྲ་བཅུད་དེ་ཉུང་བ་ཡོད།།
དེས་ན་
vitamins
དང་
minerals
དེ་ཚོ་ཟས་ཆེན་(རག་པ་)དག་ལས་་་ཆ་ཚང་བ་གཅིག་་་མི་རག་པས་
diabetics
ཚོ་ལ་་་ཕན་ཐོག་ཆེ་བའི vitamins B complex ཟ་ན་ diabetes དང་འབྲེལ་བའི་་་རྙོག་འཛིངས་ཆེ་བའི་ནད་རིགས་་་སྙིང་ནད། རྩ་ནད། ལོང་ནད། མཁལ་ནད། མཆིན་ནད། ཡན་ལག་གཅོད་དགོས་པ། དྲན་པ་དང་རིག་པ་ཉམས་པ། cancer ཀེན་སར་ (སྐྲན་ནད) རིགས་སྣ་ཚོགས་ན་བ་ལ་སོགས་པའི་རྐྱེན་ངན་དུ་མ་ཡོད་པ་དེ་ཚོ་འགོག་པའམ། མྱུར་བར་ཡོང་དུ་མ་གཅུག་པའམ། ཕྱིས་འགྱང་གཏོང་བ་ལ་ཕན་གྱིས་ཡོད་པ་་་ཚད་མཐོ་བའི་ཟས་བཅུད་རིག་པའི་
ཞིབ་འཇུག་ཡིག་ཆ་
དག་ལས vitamins དང་ minerals དེ་ཚོ་ diabetics དག་གིས་ལུས་སྟོབས་མ་ཉམས་པ་དང་། ལེགས་པར་འཚོ་ཐུབ་པའི་ཆེད་དུ་་་ངེས་པར་དུ་ཟ་དགོས་ཚུལ་གསལ་པོ་བརྗོད་ཡོད།།
Diabetes འདི་ནད་རྫབ་ཆེན་ཇི་ཙམ་གཅིག་ཡིན་ཀྱང་། རྫས་སྦྱོར་གྱིས་བཟོས་པའི་སྨན་རྫས་ཟ་བ་ལས་་་ནད་འདི་ལ་མ་གནོད་པའི་ཟས་རིགས་ཚད་ལྡན་དག་ཟ་ན། ནད་འདི་དང་འབྲེལ་བའི་ནད་རིགས་གཞན་དག་དེ་ཚོ་་་སྔོན་དུ་འགོག་པ་ཙམ་དུ་མ་ཟད། སོ་སོའི་ད་ལྟའི་ལུས་སེམས་གཉིས་ཀའི་ཁམས་་་བདེ་རུ་འགྲོ་བ་ལ་ཕན་པའི་ protein མང་པོ་ཡོད་པའི་ཟས་རིགས་ཟ་བ་དང་། བཀྲེས་པ་ཉུང་དུ་གཏོང་བའི་ཚིལ་ལམ་ཞག་རྩི་ལྡན་པའི་ཟས་དག་ཟ་ན་ཧ་ཅང་གི་ཕན་ཐོག་ཆེན་པོ་ཡོད་རེད།།
བྱས་ཙང་ protein མང་པོ་ཡོད་པའི་ཟས་རིགས་ཉིན་རེ་ལ་དཔེར་ན་བྱ་ཏེའི་སྒོ་ང་༢ - ༤ བཞི་ཙམ། དུད་འགྲོ་ལས་བྱུང་བའི་ཟས་་་ཤ་ཚིལ་ལུ་ཡོད་མཁན། མར། ཕྱུར་བ། ཁ་སྤྲི་ལ་སོགས་པ་དང་། དེ་དང་མཉམ་དུ་་་ལོ་འདབ་ཅན་གྱི་ཚལ་ལྗང་ཁུའི་རིགས་པད་ཚལ། པཱ་ལག་ (spinach) སོགས་ཏོག་ཙམ་ཟ་ན་་་འདི་ལས་ལྷག་པའི་ diabetes ལ་ཕན་པའི་ཐབས་མེད་ཟེར་ན་ཧ་ལམ་ཆོག་པ་རེད།།
Carbohydrate ཉུང་བའི་ཟས་དེ་་་ཉི་མ་རྟག་པར་་་འཆར་ཅན་དུ་ཟ་དུས་་་ལུས་འདིས་་་རང་བཞིན་གྱིས་་་ཆུ་འཛིན་པ་་་ཉུང་རུ་འགྲོ་བས་་་ཁྲག་ཤེད་ཆུང་རུ་འགྲོ་བ་དང་། ད་ག་ནང་བཞིན་་་སྙིང་གི་འཕྲོད་བསྟེན་ལ་ཕན་པའི་་་བོད་ཚྭ་འམ་བྲག་ཚྭ་་་མི་ཉུང་བ་ཟ་ན་ཕན།།
མདོར་དོན་་་གནའ་བོ་བོད་ཀྱི་འབྲོག་པའི་ཟས་ཟ་སྟངས་བྱེད་ན་་་ནད་ཆེན་འདི་ཚོ་ཡོང་བ་དཀོན་པ་དང་། གལ་སྲིད་ནད་འདི་ན་ན་ཡང་་་མནའ་བོའི་འབྲོག་པའི་ཟས་ལས་ལྷག་པ།
ནད་གཞི་འདི་ལ་མ་གནོད་པ་དང་། ནད་འདི་ལ་ཕན་པ་་་ས་སྟེང་འདི་ལ་མེད་ཟེར་ན་ཧམ་བཤད་དུ་མི་འགྱུར་དྲན།།
གཞན་་་གོང་དུ་བརྗོད་པ་དེ་ཚོ་ལ་་་རྟོག་བཟོ་དང་རང་བཟོ་གཅིག་ཀྱང་མེད། བཤད་གྲྭར་་་ཤོག་ལེབ་རེ་གཉིས་བལྟས་པའི་འབྲས་བུར་་་ནང་གཞུང་དང་འབྲེལ་བའི་ཐ་སྙད་རེ་གཉིས་་་
དཔེ་མཚོན་བཞག་ཐུབ་པ་དེ་་་འོས་པོ་མཐོང་བྱུང་བས་་་ཕན་རེ་ཆེ།།
Diabetes སྨན་ཟ་མཁན་ཡིན་ན་་་འདིར་ཞུས་པའི་ཟས་ཟ་སྟངས་དེ་་་རང་གི་ལག་ལེན་མ་བསྟར་བའི་སྔོན་དུ་རང་གི་ཨེམ་ཇེ་དང་མཉམ་དུ་གྲོས་བསྡུར་བྱེད་པ་གནད་འགག་ཆེན་པོ་ཡིན།།
གོང་དུ་ཞུས་པ་བཞིན་ཚད་མཐོ་ཟས་བཅུད་རིག་པའི་ཞིབ་འཇུག་ཡིག་ཆ་འགའ་
འདིར་ཡོད་
པས་་་ཞིབ་ཆ་གཟིགས་པ་ལ་་་
སྤྲོ་བ་ཡོད་མཁན་ཚོ་་་ངེས་པར་དུ་གཟིགས་རོགས་ཞུ།།
གཉེན་ཉེ་གྲོགས་ཚོ་ལ་
ketotibet.com
འདི་སྟོན་རོགས། འགྲེམས་རོགས། སྐུལ་མ་གཏོང་རོགས། ནད་གཞི་མང་པོ་ལས་སྐྱོབས་རོགས། བཀའ་དྲིན་ཆེ།
། ཀི་སྤྲོ་རྒྱལ་ལོ།།
དྲྭ་རྒྱ་དང་དྲྭ་ཤོག་འདི་ཚོ་ད་ལྟ་བཟོ་བཀོད་དང་ཕྱོགས་སྒྲིག་བྱེད་མུས་ཡིན་པས་དགོངས་འཇགས་འཚལ།།
Seek professional help
This website is intended to share information on a low carb healthy lifestyle, but is NOT PERSONAL MEDICAL ADVICE.
Please seek personal medical advice from your healthcare professionals or
click here
to find a low-carb doctor near you.
Find A Doctor